| e-texts navigator |
| Wylie |
324a1 དེ་ལ་སོགས་པའི་ཕྱག་རྒྱ་རྣམས།། ལག་ལས་སྐྱེ་བ་སྐྱེས་པར་འགྱུར།། ལྷ་རྣམས་ཀུན་གྱི་ཐུན་མོང་དུ།། པད་མའི་ཕྱག་རྒྱ་བཀྲ་ཤིས་ཏེ།། ཀླུ་རྣམས་ཤེས
324a2 བྱ་ཡུད་པ་ལ།། དེ་ལྟར་སོར་ནི་གནོད་སྦྱིན་རྣམས།། སྲིན་པོ་རྣམས་ཀྱི་མགོ་བོའི་ཚལ།། བུད་མེད་རྣམས་ཀྱི་སོར་བཅུ་སྣོལ།། གཟའ་རྣམས་ཀྱི་ནི་དབྱུག་པའི་ཚུལ། ཨརྒ་དབུལ་བ
324a3 རྒྱུ་སྐར་རྣམས།། དེ་དག་ཀུན་གྱི་སེམས་བསྒྲུབ་པའི།། མགོ་བོའི་ཐོད་པ་ཁར་བཞག་པ།། ཕྱག་རྒྱ་འདི་ནི་ཕྲ་མེན་མའི།། མགོ་ཐོད་ལྕེ་ཡི་ཕྱག་རྒྱ་ནི།། རྡོ་རྗེ་རྣལ་འབྱོར་མ་ཡི་བཤད།།
324a4 དེ་དག་ཀུན་གྱི་ཐུན་མོང་དུ།། ཕྱག་རྒྱ་ཆེན་པོ་བཤད་པར་བྱ།། ཐལ་མོ་བརྐྱང་བ་བཤད་པར་བྱ།། ཡང་ན་ཐལ་མོ་པད་མོར་བྱ།། རྡོ་རྗེ་ཁུ་ཚུར་བཅིངས་ནས་ནི།། ཨ་ཞེས་བྱ་བ་ལུ
324a5 གུ་རྒྱུད།། ཧཱུཾ་ཞེས་བྱ་བ་གཉིས་བསྒྲེངས་ལ།། ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ནི།། རྡོ་རྗེ་བསྡམས་པ་བསྡམས་ནས་ཡང་།། ཧཱུཾ་དང་ཨ་གཉིས་བཞིབས་ཏེ་བསྒྲེང་།། ཨོཾ་ཞེས་བྱ་བ
324a6 ངེས་འབར་བའི།། ཕྱག་རྒྱ་སྣང་བར་བྱེད་པར་དགོངས།། དེ་ལ་ཨ་ཞེས་བྱ་བས་བཅིངས།། ཨོཾ་ཞེས་བྱ་བ་ནང་དུ་བཞུག། ཨ་ཞེས་བྱ་བ་སྔོན་བཞིན་སྦྱར།། ཨོཾ་ཡང་ཨ་དང
324a7 འདྲ་བར་བྱ།། ཏྲཾ་ཞེས་བྱ་བ་བཞིབས་ནས་ནི།། ཨེ་དང་ཨོཾ་གཉིས་ལུ་གུ་རྒྱུད།། ལྷག་མ་བཞིབས་པའི་ཕྱག་རྒྱ་འདི།། བདུད་རྩི་འཁྱིལ་བར་ཤེས་པར་བྱ།། ཏྲཾ་ཞེས་བྱ་བ