e-texts navigator
Collection
Volume
Page
Wylie

323b1 པའོ།། བརྐྱང་བ་ནི་བསྲུང་བའོ།། ཧཱུཾ་ཞེས་བྱ་བའི་སོ་ནི་གནོད་སྦྱིན་ནོ།། ཧཱུཾ་ཞེས་བྱ་བ་གཉིས་ལྕགས་ཀྱུར་བྱས་པ་ནི་དགུག་པའོ།། དེ་ཉིད་མངར་བྱས་པ་ནི་འདོད་པའོ།། ཨོཾ་ཞེས
323b2 བྱ་བ་གཉིས་སྦྱར་བ་ནི་དགོས་པའོ།། དེ་ཉིད་འཁོར་ལོ་ལྟ་བུར་བྱས་པ་ནི་གཟི་བརྗིད་ཀྱིའོ།། དེ་ཉིད་ནོར་བུ་འདྲ་བར་བྱས་པ་རྒྱལ་མཚན་གྱིའོ།། སྐར་ན་བཞད་པ་སྟེ་དེ་ཉིད་ཁར
323b3 བཞག་ན་དགེས་ཤིང་འཛུམ་པ་མཛད་པ་ཡ་མཚན་ནོ།། ཐལ་མོ་པད་མོ་ལྟར་བཀུགས་པ་ནི་པད་མའི་འོ།། ཨ་ཞེས་བྱ་བ་དང་། ཨོཾ་ཞེས་བྱ་བ་ནང་དུ་བཀུག་པ་ནི་རལ་གྲིའི་ཕྱག
323b4 རྒྱའོ།། གཅིག་ལ་ཅིག་སྦྱར་བ་ནི་འཁོར་ལོའོ།། སྔ་མ་ལས་ཨོཾ་ཞེས་བྱ་བ་གཉིས་ཁར་བཞག་པ་ནི་ཚིག་འབྱུང་བ་ནི། མདོར་ན་ཕྱག་རྒྱ་འདི་དག་ལ་ནི་ལས་ཐམས་ཅད
323b5 སྦྱིན་པར་བྱེད་པའོ།། དེ་ཉིད་སྦྲུལ་དུ་སྦྲུལ་མགོར་འགྱུར།། ཀུན་ཏུ་གནོད་སྤྲིན་མཆེ་བ་འདྲ།། སྲིན་པོ་ཡི་ནི་ཁྲག་འཕྲོག་པ།། ལག་པས་སྐོར་བ་བ་རླུང་གི་སྟེ།། དབྱུག་ཏོར་ལྡན
323b6 པཾ་གནོད་སྤྲིན་ནོ།། བུམ་པ་བཞག་པ་ནོར་གྱི་སྟེ།། མཐེ་བོ་ནི་ལེ་རྣ་འདྲ་བྱ།། མགོ་བོའི་ཐོད་པ་ནག་པོ་སྟེ།། འབྲིང་གི་རི་ཏི་ལག་རྐྱང་པ།། པི་བཾ་གཡོན་ཐོགས་དྲི་ཟའོ།། ལག
323b7 གཉིས་འབར་བ་མེ་འབར་བ།། གུང་མོ་དབྱུག་འདྲག་ཤིན་རྗེ་ཡི།། རྣོལ་ཁྲོ་དང་དབང་སྒྱུར་བ།། མཐེ་ཆུང་རལ་གྲི་འཛུབ་བཞག་པ།། རླུང་གི་ཕྱག་རྒྱ་རྒྱལ་མཚན་ཡིན།




iiif viewer powered by OpenSeadragon

323a - 324a

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba