e-texts navigator
Collection
Volume
Page
Wylie

323a1 ལྷག་མ་མདར་བྱས་མདའ་ཅན་གྱིའོ།། ལག་པ་གཡས་གཡོན་འཁོར་ལོར་བྱ།། འདི་ནི་ཉི་མ་ཟླ་བ་ཞལ།། ཐལ་མོ་དལ་སྦྱར་སོར་མོ་འགྲོ།
323a2 གཟའ་ལག་རྟག་ཏུ་སེ་གོལ་རྟོག། དེ་ཉིད་ཚིག་དབང་གསུངས་པ་སྟེ།། མཆུལ་ཚིག་འབྱུང་འདྲ་བར་བཞག། པ་ཝ་སངས་ནི་གཉིས་མཉམ་སྦྱར།། སྤེན་པ་དབྱུང་བ་འཛིན་པ
323a3 བྱ།། བན་གླང་སྣ་ནི་ཆུ་སྲིན་འདྲ།། ཤེས་བྱ་རྒྱུ་སྐར་མེ་ཏོག་འདྲ།། དེ་ཉིད་བསྐོར་ན་ཀླེག་ཕྲེང་ནི།། བླ་འོག་བཞག་པ་སྤྲིན་ཕྱག་རྒྱ།། འདི་དག་སྙིང་པོའི་ཕྱག་རྒྱ་སྟེ།
323a4 ལས་ཀྱི་ཕྱག་རྒྱ་འདི་ཉིད་དོ།། དེ་ལས་སྲིན་ལག་སྦས་པ་ནི།། ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ།། དེ་ཧཱུཾ་ཞེས་བྱ་བའི་ཚིག་བར་མ་བཅག་པ་ནི། དབང་བསྐུར་བར་སྦྱིན་པར་བྱེད་པ་སྟེ། ནམ
323a5 མཁའི་སྙིང་པོའི་ཕྱག་རྒྱའོ།། དེ་ཉིད་ལ་ཧཱུཾ་ཞེས་པའི་བསྡམས་པ་ལ།། སྲིན་ལག་པད་མ་འདྲ་བར་བྱས་པ་འདི་ནི་པད་མ་ལས་བྱུང་བའི་ཕྱག་རྒྱའོ།། དེ་ཉིད་ཧཱུཾ་ཞེས་བྱ་བ་དང
323a6 ཧྲི་ཞེས་བྱ་བ་གཉིས་བཞིབས་ཏེ་བསྒྲེང་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ།། དེ་ཉིད་ལས་པད་མོ་འདྲ་བར་བྱས་པ་ནི་བདེ་བ་ཆེན་པོའི་ཕྱག་རྒྱའོ།། དེ་ཉིད་ལས
323a7 འོད་ཟེར་འཕྲོ་བའི་ཚུལ་དུ་བྱས་པ་ནི་ཀུན་ཏུ་བཟང་པོའི་ཕྱག་རྒྱའོ།། དེ་ཉིད་ནང་དུ་བཀུག་པ་ནི་ཁྲོ་བོ་སྣ་ཚོགས་ཀྱི་ཕྱག་རྒྱ་གཟི་ཅན་ནོ།། དེ་ཉིད་ལས་ཤིན་ཏུ་བསྡམས་པ་ནི་རྡོ་རྗེ་བསྡམས




iiif viewer powered by OpenSeadragon

322b - 323b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba