| e-texts navigator |
| Wylie |
322b1 ཞེས་བྱ་བར་བསམ། གུང་མོ་གཉིས་ལ་ཏྲཾ་ཞེས་བྱ་བ་བསམ། འཛུབ་མོ་གཉིས་ལ་ཧཱུཾ་ཞེས་བྱ་བ་བཞག། སྲིན་ལག་གཉིས་ལ་ཧྲི་ཞེས་བྱ་བ་བཞག། ཐེ་ཆུང་གཉིས་ལ་ཨ་ཞེས
322b2 བྱ་བ་བཞག། དེ་ལྟར་ཡི་གེ་རྣམས་བཞག་པར་བྱས་ནས། དེ་བཞིན་གཤེགས་པ་རྣམས་ཡིན་པར་བསམ་པ་བསྐྱེད་དེ། ཆོས་ཐམས་ཅད་གཅིག་ལ་ཅིག་འདྲེས་པ་དང་བདག་དང
322b3 ཡང་རྗེས་སུ་འཐུན་པར་དྲན་པར་བྱས་ཏེ། ལག་པ་གཉིས་པད་མོ་ལྟ་བུར་སྦར་ལ། ཨོཾ་ཞེས་བྱ་བ་གཉིས་བརྐྱང་བ་དང་། ཨ་ཞེས་བྱ་བ་གཉིས་བཀུག་སྟེ། དེ་བཞིན་དུ་ཧཱུཾ་ཞེས་བྱ
322b4 བ་དང་། ཧྲི་ཞེས་བྱ་བ་གཉིས་པད་མོའི་འདབ་མ་འདྲ་བར་བྱའོ།། ཏྲཾ་ཞེས་བྱ་བ་གཉིས་གཞིབས་ཏེ་བརྐྱང་ལ། འདི་ན་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱ་ལས་ཐམས་ཅད
322b5 དང་ལྡན་པའི་དམ་ཚིག་གོ།། དེ་ཉིད་རྣོན་པོ་ལྡན་པ་དང་། དེ་ལས་རབ་ཏུ་འཁོར་ལོ་དང་འདྲ་བ་ནི་འཁོར་ལོའོ།། དེ་ཉིད་ལས་ཁར་བཞག་པ་ནི་སྒྲའི་སྟེ། འདི་ནི་ཕྱག་རྒྱའི་ཚོགས
322b6 སོ།། དེ་ཉིད་གཉིས་སུ་བྱས་ནས་ལས་ཀྱི་བྱས་ན་ལས་ཀྱིའོ།། གཡོན་པ་མགོ་ཐོད་ཐོགས་འདྲ་དང་།། གཡས་པ་མདུང་རྩེ་རྩེ་གསུམ་པ།། གཡོན་པ་པད་མ་ཁ་འཛུམ་དང་།
322b7 གཡས་པ་ཨོཾ་ཞེས་བྱ་བར་བཞག། གཡོན་པ་འཁོར་ལོ་དབྱུག་ཏོ་གསུམ།། ཨ་དང་ཨོཾ་གཉིས་རྩེ་སྤྲད་ལ།། ལྐོག་མ་གསུམ་ནི་རྡོ་རྗེ་ཅན།། ཧཱུཾ་དང་མོ་གཉིས་བཞུགས་བྱས་ལ།