e-texts navigator
Collection
Volume
Page
Wylie

322a1 བི་དངོས་པོ་ལ།། རྒྱས་པར་གྱུར་པར་བསྒོམ་བྱ་ཞིང་།། ཞི་བ་ལྷ་ཡི་རྣལ་འབྱོར་ང་།། ཞི་བའི་སེམས་ཀྱིས་ཞི་བྱ་བ།། རང་གི་ལུས་ནི་གསེར་གཅོས་དང་།།
322a2 ཉི་མ་གསལ་ཤར་དགེ་འདྲ་དང་།། བསམ་པ་བརྒྱས་དང་བྱ་བའི་ཕྱིར།། འོད་ཟེར་སྤྲིན་གྱི་དགང་བར་བྱ།། པད་མ་སེམས་དཔའི་ཏིང་འཛིན་གྱིས།། ཧྲི་འདྲ་འོད་ཟེར་བཏབ་པ་ཡིས།།
322a3 སྙིང་ལ་ཀུན་ཏུ་བསྐོར་བྱེད་ཅིང་།། འདོད་པ་ཀུན་གྱིས་དབང་དུ་བྱེད།། རྡོ་རྗེ་ཧཱུཾ་གི་ཏིང་འཛིན་གྱིས།། འཁྲོས་ནས་རྡོ་རྗེ་མཚོན་ཆའི་ཆར།། སྡིག་སྤྱོད་ལུས་ལ་དབབ་གྱུར་ནས།
322a4 དེ་མ་ཐག་ཏུ་གསོད་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སེམས་ཅན་ཐམས་ཅད
322a5 ལ་ཕན་པའི་ཕྱིར་ཐེ་ཚོམ་ཐམས་ཅད་གཅོད་པ།། ངན་སོང་ཐམས་ཅད་ཟློག་པའི་བརྟག་པ་དམ་པ་འདི་བཤད་པ་ལེགས་སོ་ལེགས་སོ།། །། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ
322a6 ཕྱག་རྒྱའི་ལེའུ་འདི་བཤད་དོ།། ལག་པ་གཉིས་མདུན་དུ་བཞག་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པར་བསམ་སྟེ། ཧཱུཾ་ཞེས་བྱ་བ་དང་། ཨ་ཞེས་བྱ་བས་ཟླ་བའི
322a7 དཀྱིལ་འཁོར་དེ་ཉིད་བྱིན་གྱིས་བརླབས་ལ། ལག་པ་གཉིས་ཐལ་མོ་གཉིས་ཀ་ལ་སོགས་པའི་ཡི་གེ་བཅུ་དྲུག་གིས་ཀུན་ཏུ་དགང་ཞིང་འཕྲོ་བར་བྱས་ཏེ།། མཐེ་བོང་གཉིས་ལ་ཨོཾ།




iiif viewer powered by OpenSeadragon

321b - 322b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba