| e-texts navigator |
| Wylie |
321b1 དེ་བཞིན་དུ།། ལོངས་སྤྱོད་དབང་ཕྱུག་དཔལ་མཉམ་མེད།། རྡོ་རྗེ་ཉི་མའི་གཟི་བརྗིད་དང་།། མདོག་སྡུག་ཤིན་ཏུ་འབར་བར་བྱ།། གཞད་ཅིང་སྨད་དུ་མཛེས་པས་ནི།། དགའ
321b2 མགུ་རངས་པ་རྣམས་སུ་འགྱུར།། པདྨོ་བཞད་པས་ཆོས་ཀུན་ནི།། རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱང་།། མཉེས་འགྱུར་ལྷ་བྲན་སྨོས་ཅི་དགོས།། གཞན་གྱི་རིགས་མཆོག
321b3 ཚོགས་རྣམས་དང་། རྣོན་པོས་མཆོད་པ་ཉིད་དུ་མཛོད།། གདོན་དང་ཡི་དགས་འདྲེ་རྣམས་དང་།། གནོད་སྦྱིན་སྲིན་པོ་བཀའ་ཉན་དང་།། བཟའ་མཆོག་བརྒྱད་པོ་མ་རུངས་རྣམས།།
321b4 འཁོར་ལོས་ཙན་འབྱིན་པར་མཛད།། ལྐུགས་དང་ལྐུགས་པ་མ་ཡིན་དང་།། གླན་རྣམས་མི་སྨྲ་སྨྲ་བར་མཛོད།། ལྕེ་ལ་ཛ་ཞེས་བྱ་བ་ཡིས།། མ་རུངས་རྣམས་ཡང་ལྐུགས་པར
321b5 མཛད།། རྒྱ་གྲམ་གྱིས་ནི་མཆོད་པ་དང་།། སེམས་ཅན་དོན་མཛད་ཐམས་ཅད་སྟོན།། ཧཾ་ཞེས་བྱ་བས་འཕྲོ་མཛད་ཅིང་།། རྡོ་རྗེ་བསྲུང་བས་བསྲུང་བ་མཛད།། ཧཱུཾ་ཞེས་བྱ་བའི་སོ་ཡིས
321b6 ནི།། རྡོ་རྗེ་གནོད་སྦྱིན་ཉིད་ཀྱིས་ཀྱང་།། མ་རུངས་རབ་ཏུ་མ་རུངས་ཀུན།། ཟ་བྱེད་སྡིག་སྤྱོད་སྨོས་ཅི་དགོས།། མ་རུངས་སྙིང་ཁ་དམ་དུ་ནི།། བཾ་ཞེས་བྱ་བ་བསམས་ནས་ཡང་།། དུག་དང
321b7 རིམས་དང་གདོན་ལ་སོགས།། རྡོ་རྗེ་སེམས་དཔས་བཅིངས་པར་མཛོད།། བཟླས་དང་སྦྱིན་བསྲེགས་ལས་རྣམས་ཀྱིས།། དགོས་པ་ཐམས་ཅད་འགྲུབ་པར་འགྱུར།། འོད་ཟེརགསལ