e-texts navigator
Collection
Volume
Page
Wylie

321a1 བརྗོད་སྦྱིན་བསྲེགས་ཉིད་བྱེད་ཞིང་།། འོད་ཟེར་སྤྲིན་གྱིས་དེ་ལུས་ལ།། ཕོ་བྲང་འགྱུར་བ་རྣམས་བསྒོམས་ལ།། རྟག་ཏུ་ཤར་ལྟས་འོད་ཟེར
321a2 གྱིས།། ཉེས་པ་ཐམས་ཅད་སེལ་བྱེད་པ།། འདི་ནི་སེམས་ཅན་ཕན་དགའ་བས།། དེ་བཞིན་གཤེགས་པའི་རིགས་ལས་བྱས།། ཀུན་ཏུ་བཟང་པོའི་སྐུ་ཆེན་ནམ།། བདེ
321a3 བ་ཆེན་པོར་བསམ་ནས་ཡང་།། ནང་མ་རེ་རེ་འོད་བྱེད་པ།། སྔ་མ་བཞིན་དུ་ལས་བྱས་ཏེ།། ནང་པར་སྔར་ནི་སེམས་ཅན་རྣམས།། སྡིག་ཅན་སེམས་ནི་ཞི་བར་བྱེད།། གེ་སར
321a4 འོད་མཛེས་ཅིང་འབར་བའི།། རིན་ཆེན་འཛིན་དུ་བསམས་ནས་ནི།། བཟའ་བ་ལེགས་བྱས་ཉི་མ་ཡི།། གུང་ལ་རྒྱས་པའི་ལས་ཤིས་ཏེ།། རིན་ཆེན་འདྲ་བས་ཁུང་བསྐོས
321a5 ཏེ།། བཟླས་དང་སྦྱིན་བསྲེགས་རབ་ཏུ་བྱ།། ཡང་ན་སྔགས་པས་སྔ་མ་བཞིན།། འོད་ཀྱིས་ལུས་ལ་རབ་གང་སྟེ།། སྦྱོར་དང་ལྡན་པས་ཁུང་བུ་ནི།། པད་མོ་འཛིན
321a6 པར་བདག་སྦྱར་ལ།། རྒས་དང་ཉེ་བ་ཉི་མའི་མཐར།། བཟླས་དང་སྦྱིན་བསྲེགས་ཉིད་བྱེད་ཅིང་།། འོད་ཟེར་སྤྲིན་གྱི་རབ་བཀང་ནས།། ཐམས་ཅད་མ་ལུས་དབང
321a7 དུ་བྱ།། འདྲེན་པ་ཀུན་ཏུ་བཟང་པོ་ཡིས།། ཞི་བའི་ལས་ཀྱིས་རབ་ཏུ་བྱ།། རྡོ་རྗེ་རིན་ཚོན་རྒྱས་པ་སྟེ།། དབང་བསྐུར་བ་ཡང་དེ་བཞིན་ནོ།། དཔལ་གྱི་རྣམ་རྒྱལ




iiif viewer powered by OpenSeadragon

320b - 321b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba