e-texts navigator
Collection
Volume
Page
Wylie

283a1 སྡུག་བསྔལ་ལས།། དེ་ནི་མྱུར་དུ་རྣམ་པར་ཐར།། སྡིག་ལས་རྣམ་གྲོལ་དེ་ཉིད་དེ།། དག་པར་འགྱུར་བའི་ལྷ་རྣམས་ཀྱི།། རིགས་སུ་སྐྱེས་པར
283a2 གྱུར་ནས་ཀྱང་།། དེ་ནི་རྟག་ཏུ་སངས་རྒྱས་དང་།། ཆོས་འགྲོ་བ་ནི་ཐོབ་པར་འགྱུར།། ཕྱིར་མི་ལྡོག་པའི་ས་ལ་གནས།། རིམས་ཀྱི་བྱང་ཆུབ་ཐོབ་པར་འགྱུར།། དེ་ཡི་གཟུགས་བསྟན
283a3 བྲི་བ་འམ།། གུར་བུམ་གྱིས་ནི་མིང་ཡང་རུང་།། ངན་སོང་གསུམ་གྱི་འཇིག་ཆེན་ལས།། སེམས་ཅན་རྣམས་ནི་དགྲོལ་བའི་ཕྱིར།། སྔགས་མཁན་གཞན་ལེ་ཕན་བརྩོན་ཞིང་།
283a4 སྙིང་རྗེ་ཅན་གྱིས་དབང་བསྐུར་རོ།། དེ་ནས་རྣལ་འབྱོར་ཅན་གྱིས་ནི།། སྔགས་དང་ཕྱག་རྒྱས་དེ་དབང་བསྐུར།། ལྷ་ཡི་གཟུགས་སུ་བྱས་ནས་ཀྱང་།། མཆོད་རྟེན་དབུས་སུ
283a5 བཞག་པར་བྱ།། རང་གི་ལྷ་འམ་གཞན་གྱི་ལྷ།། སྙིང་པོ་སྙིང་ཁར་བྲིས་ནས་ཀྱང་། ལྷ་འདྲ་བས་ནི་སེམས་བསྐྱེད་དེ།། ཁྱིམ་གྱི་ནང་དུ་བཞག་པར་བྱ།། དེ་ཡི་མིང་ནས་སྨོས
283a6 ནས་སུ།། གུར་གུམ་བཟང་པོས་སྔགས་བྲི་བྱ།། རིམས་ཀྱིས་འབུམ་ནི་ཚད་ཙམ་དུ།། མཆོད་རྟེན་ལས་ནི་རབ་ཏུ་བརྩམས།། སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར།། བྱེ་བ་སྙེད་ནི་ཚང
283a7 བར་བྱ།། དེ་ནི་ངེས་པར་དམྱལ་གནས་ལས།། འདི་བྱས་པས་ནི་གྲོལ་བར་འགྱུར།། ཡི་དགས་བྱོལ་སོང་སྡུག་བསྔལ་ལས།། གྲོལ་དེ་ལྷ་ཡི་གནས་སུ་སྐྱེ།། དེ་ཡི་མིང




iiif viewer powered by OpenSeadragon

282b - 283b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba