| e-texts navigator |
| Wylie |
282b1 དངོས་གྲུབ་ལ་སོགས་བླང་། བུ་དཀོན་མཆོག་གསུམ་དག་ལ།། སྐལ་པ་རེ་རེ་ཕུལ་ནས་ནི།། དེ་ནས་རྟག་ཏུ་བདག་སྤྱོད་ཅིང་།། མེད་ན་མཁས་པ་བདག་ཉིད་ཀྱིས།། བླང་ནས་ཡོངས
282b2 སུ་སྤྱོད་པར་བྱ།། སེམས་ཅན་ཀུན་ལ་ཕན་བརྩོན་པར།། བསྐལ་པ་དུ་མར་གནས་པར་འགྱུར།། ཅི་སྟེ་དངོས་གྲུབ་མི་འགྱུར་ན།། ལས་རྣམས་ཐམས་ཅད་ནུབ་པར་འགྱུར།། གནོད
282b3 སྤྲིན་སྐར་མའི་གདོན་ལ་སོགས།། ཆད་པས་བཅད་ཅིང་བཀའ་ཙམ་གྱིས།། ཞི་བ་ལ་སོགས་ལས་ཀུན་བྱེད།། བྲན་བཞིན་ལས་ཀུན་བྱེད་པར་འགྱུར།། དེ་ནས་ལྷ་རྣམས་ཀྱི་དབང
282b4 པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྡིག་པ་བགྱིས་པས་སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་རྣམས་ཇི་ལྟར་སེམས
282b5 ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སྡུག་བསྔལ་རྣམས་སྤང་བའི་སླད་དུ་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལྷའི་དབང་པོ་ཉོན་ཅིག་སེམས་ཅན
282b6 དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན་སྡིག་པ་བྱེད་པ་དེ་དག། ཅི་ནས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་སླ་བར་གྲོལ་བར་གྱུར་པ་ཉོན་ཅིག། དེ་བཞིན
282b7 དཀྱིལ་འཁོར་བྲིས་ནས་ནི།། དེ་ལྟར་ཡང་ནི་བུམ་པ་ལ།། བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི།། དབང་བསྐུར་བས་ནི་རབ་ཏུ་བརྟག། དེ་ནས་སྡིག་པ་ཀུན་སྦྱངས་ཏེ།། དམྱལ་བ་ལ་སོགས