e-texts navigator
Collection
Volume
Page
Wylie

282a1 མངོན་པར་མཆོད་དེ།། བདག་ཉིད་ཀྱི་སྤྱན་དབྱེ་བ་བྱ་ཞིང་བདེན་པའི་བྱིན་གྱིས་བརླབས་པ་དམིགས་པར་བྱའོ།། དེ་ནས་ཅི་སྟེ་མཚན་མ་གཅིག་མཐོང་ན
282a2 ནི་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ།། འོན་ཏེ་མཐོང་ན་ནི་རིང་མོ་ཞིག་ལས་དངོས་གྲུབ་ཏུ་འགྱུར་ཏེ། བཞད་པ་དང་ནི་རྔ་སྒྲ་དང་དྲིལ་བུའི་སྒྲ་དང་འབྲུག་དེ་བཞིན།
282a3 དགེ་སློང་བྲམ་ཟེ་བུ་མོ་དང་།། འབྲས་བུ་མཐོང་ན་མྱུར་དུ་ནི།། མཆོག་དང་བར་དང་ཐ་མ་འགྲུབ།། དེ་ནས་གཟུགས་ཏེ་བྱིན་བརླབས་ཏེ།། སྔགས་དང་ཕྱག་རྒྱ་བྱིན་བརླབས
282a4 ནས།། ཅི་བ་དོག་པས་ནི་མཆོད་པར་བྱ།། རྟག་ཏུ་མངོན་སུམ་འདུག་ནས་ཀྱང་།། བདག་གི་དེ་ཉིད་དྲན་བྱེད་ཅིང་།། འབུམ་ཕྲག་གསུམ་འམ་ཡང་ན་དྲག། དངོས་གྲུབ
282a5 མཚན་མ་བྱུང་བར་དུ།། དེ་ནས་དབེན་པའི་གནས་སུ་ནི།། བརྒྱད་བརྒྱ་ཉིད་དུ་ཚང་བར་བྱ།། སྔགས་ནི་འཁྲུལ་པ་མེད་པ་བཟླས།། དེ་ནས་བཟླས་པའི་འཇུག་ཏུ་ནི།། དཀྱིལ
282a6 འཁོར་སྔ་མ་བཞིན་བསམ་ལ།། མཆོད་པ་རྒྱ་ཆེན་བྱས་ནས་ཀྱང་།། མཚན་གཅིག་ཐོག་ཐག་བཟླས་པ་བྱ།། ཇི་སྟེ་གཙོ་བོ་འམ་དེ་ཡི་སྲས།། ཡང་ན་ལྷ་རྣམས་མཛོད
282a7 གྱུར་ན།། བསོད་ནམས་སྣོད་ལ་ཅི་དགའ་བར།། དངོས་གྲུབ་མཆོག་ནི་གསོལ་བར་བྱ།། ལྷ་ཡི་དངོས་གྲུབ་འབྲས་བུ་ནི།། དེ་ལ་རྟག་ཏུ་དགེས་ནས་གསོལ།། ཕྱག་འཚལ




iiif viewer powered by OpenSeadragon

281b - 282b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba