e-texts navigator
Collection
Volume
Page
Wylie

281a1 རང་གི་སེམས་ནི་རབ་ཏུ་དད་པ་ཡིས།། ཡོན་གྱི་མཆོག་ཉིད་དབུལ་བ་ཉིད་དུ་བྱ།། མྱུར་དུ་གྲུབ་ཕྱིར་མོས་ལྡན་བླ་མ་ལ།། མདོར་ན་རང་གི་ལུས་ཀྱང
281a2 དབུལ་བ་ཉིད་དུ་བྱ།། ཚེ་འདི་ཡི་བདེ་བ་མ་ལུས་དང་།། འཇིག་རྟེན་ཕྱི་མའི་མཆོག་དང་།། སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན།། ལྷ་ཡི་བདེ་བ་སྨོས་ཅི་དགོས།། སངས
281a3 རྒྱས་ཀུན་དང་བླ་མ་མཉམ།། རྡོ་རྗེ་སློབ་དཔོན་བརྙས་ན་ནི།། རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས།། སློབ་དཔོན་ལ་ནི་བརྙས་མི་བྱ།། རྡོ་རྗེ་སྤུན་དང་སྲིང་མོ་དང་།
281a4 རྡོ་རྗེ་མ་རྣམས་ཉིད་ལ་ནི།། རྣལ་འབྱོར་ཅན་གྱིས་བརྙས་མ་ཡིན།། རྟག་ཏུ་འཁོན་དང་བཅུགས་མི་བྱ།། དཀོན་མཆོག་གསུམ་ལ་གནོད་བྱེད་ལ།། བཟོད་པ་བསྒོམ
281a5 པར་མི་བྱ་སྟེ།། བླ་མ་སྨོད་བརྩོན་མ་རུངས་དང་།། དམ་ཚིག་འདས་པ་ཡང་དེ་བཞིན་ཏེ།། དེ་ལ་སོགས་པའི་བྱེད་ལྡན་པ།། དམ་ཚིག་ལ་ནི་འདའ་བ་དང་།། དེ་སོགས
281a6 བྱེད་པ་ཚར་བཅད་ནས།། འགྲུབ་འགྱུར་ཞེས་འབྱུང་ལེགས་པར་གདའ།། གྲུབ་འགྱུར་ཞེས་ནི་ཀུན་རིག་གསུང་།། སེམས་ཅན་ཀུན་ལ་སྙིང་རྗེ་ཆགས།། བསྒྲུབ་ན་མྱུར
281a7 དུ་འགྲུབ་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷའི་འཇིག་རྟེན་དུ་བཅས་པ་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་བསྒྲུབ




iiif viewer powered by OpenSeadragon

280b - 281b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba