| e-texts navigator |
| Wylie |
280b1 གསུམ་ནི་ཡོངས་མི་སྤང་།། དུས་ཀུན་དུ་ནི་བྱང་ཆུབ་སེམས།། སྙིང་པོ་སྔགས་དང་ཕྱག་རྒྱ་དང་།། ལྷ་དང་བླ་མ་དེ་བཞིན་ནོ།། སྡིག་ལ་སོགས་པ་གང་ཡིན་དང་།། བླ་མའི
280b2 བཀའ་ལས་འདའ་མི་བྱ།། ལྷ་ལ་ཕུལ་བའི་སྙིང་པོ་དང་།། དེའི་གྲབ་མ་ལའང་འགོམ་མི་བྱ།། ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ཏེ།། སྔགས་དང་ལྷ་ལ་སྨད་མི་བྱ།།
280b3 གདོན་གྱི་ལ་སོགས་བྱ་མིན།། མུ་སྟེགས་ཅན་ལ་རྨད་མི་བྱ།། མདོར་ན་ཡིད་གཉིས་ཐེ་ཚོམ་མི་བྱ་སྟེ།། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ།། མོས་པ་རྟེན་དང
280b4 ལྡན་པས་དམ་བཅས་ནས།། སརྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་ཏེ།། བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་ལ།། བཅུ་པོ་རྣམས་ཀྱིས་དབང་བཅུ་ཅི་རྒར་བསྐུར།། དེ་ནས་ལག
280b5 ཏ་རྡོ་རྗེ་དྲིལ་བུ་སྦྱིན།། འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ།། མི་དབང་དབང་ཕྱུག་འཁོར་ལོ་ཐོབ་པ་དང་།། སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ།། སྔགས
280b6 གྲིབ་ཕྱིར་ནི་མོས་ལྡན་སློབ་མ་ལ།། སྔགས་པས་བཀའ་ནི་རབ་ཏུ་བསྒོ་བར་བྱ།། དེས་ཀྱང་མོས་པས་སྤྱི་བོས་ཕྱག་འཚལ་ཏེ།། ཇི་སྟེ་ནོར་ཡོད་བླ་མ་ལ་དབུལ་བྱ།། ནོར
280b7 དང་གཏེར་དེང་འབྲུ་དང་དབྱིགས་དང་གསེར།། གཞོན་དང་ཁྱིམ་དང་བུ་ཕོ་བུ་མོ་རྣམས།། སྐྱེས་པ་དག་དང་བུད་མེད་ཡང་ན་ནི།། གྲོང་དང་གྲོང་ཁྱེར་དེ་ལྟར་ཇི་བཞེད་རྣམས།།