| e-texts navigator |
| Wylie |
280a1 ལ་བན་པའི་གཙོ་ཆེན་གྱིས།། སྨན་པར་དགོངས་ཏེ་བཞེས་སུ་གསོལ། ཨོཾ་བཛྲ་པྲ་ཏིགྣི་ཧ་ཧཱུཾ། ཨོཾ་པྲ་ཏི་ཛ་བཛྲ་ས་མ་ཡ་ཧཱུཾ། མེ་ཏོག་རིན་ཆེན་ལ་སོགས་པ།
280a2 གང་ལ་བབ་པ་རིགས་ཀྱི་ལྷ།། གཙོ་བོའི་རིགས་དེ་བསྒྲུབས་ནས་ནི།། དངོས་གྲུབ་འགྱུར་ཏེ་ཐེ་ཚོམ་མེད།། དེ་ནས་སྔགས་པ་མཁས་པ་ཡི།། སྔགས་འདི་དམ་ཚིག་སྦྱིན་པར
280a3 བྱ།། ཨོཾ་བཛྲ་ས་མ་ཡ་ཧཱུཾ།། ཨོཾ་བཛྲ་ས་མ་ཡ་ཧྲི་ད་ཡ་མེ།། ། པྲ་བེ་ཤ་དྷི་དྷ་ཏིཥྛ་ཧཱུཾ། དེ་ནས་དམ་ཚིག་སྒྲོགས་པར་བྱའོ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས
280a4 ན་བསྲེག་པར་བྱེད།། དམ་ཚིག་སྲུང་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ།། ཇི་སྟེ་དམ་ཚིག་འདས་ན་ནི།། དེ་མ་ཐག་ཏུ་བཀས་ནས་གཤེགས།། རྡོ་རྗེ་འཛིན
280a5 རྒྱལ་འཁྲོས་ནས་ཀྱང་།། བདུན་རྒྱུད་རིགས་ནི་བརླག་པར་མཛད།། དེ་བས་རྟག་ཏུ་བུ་ཁྱོད་ཀྱིས།། རྒྱལ་བས་གསུངས་པའི་དམ་ཚིག་དང་།། སྡོམ་པ་དང་ནི་བླ་མའི
280a6 བཀའ།། ཤིན་ཏུ་མོས་པས་སྲུང་བར་བྱ།། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ།། མ་བྱིན་པར་ཡང་བླང་མི་བྱ།། བརྫུན་དང་འདོད་ལོག་སྤྱོད་པ་རྣམས།། དངོས་གྲུབ་འདོད
280a7 པས་བྱ་བ་མིན།། འཆང་ནི་བཏུང་བར་མི་བྱ་ཞིང་།། ཤ་ལ་སོགས་པ་བཟའ་མི་བྱ།། སེམས་ཅན་གནོད་པའི་སྦྱོར་བ་ནི།། ནམ་ཡང་བྱ་བ་མ་ཡིན་ནོ།། དཀོན་མཆོག