| e-texts navigator |
| Wylie |
279b1 བ་ཡི།། དབྱངས་སྙན་པ་ཡི་བསྟོད་དང་ལྷ་རྫས་ཀྱིས།། མཆོག་གི་དམ་པ་རྣམས་ཀྱིས་ལེགས་པར་བསྟོད།། དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་བྱ།། སེམས་ཅན
279b2 བཀྲེས་ཤིང་སྐོམ་ལ་བཏང་བ་དང་།། ཕྱོགས་ན་གནས་པ་རྣམས་ལ་རྣམ་པར་བརྟག། དེ་ཡི་གཏོར་མ་ཇི་ལྟར་མཐུན་པར་བྱ།། དེ་ནས་སྔགས་པ་བླ་མེད་བྱང་ཆུབ
279b3 ཀྱི།། གནས་སུ་སློབ་མ་ཡོངས་སུ་སྨིན་པར་བྱ།། འགྲོ་ལ་ཕན་ཕྱིར་མྱུར་དུ་བྱང་ཆུབ་པར།། དེ་དག་བྱང་ཆུབ་སེམས་མཆོག་བསྐྱེད་དུ་བཞུགས།། དེ་རྣམས་བྱིན
279b4 བརླབས་བྱང་ཆུབ་སྨོན་ལམ་གདག། ཟབ་ཅིང་རྒྱ་ཆེ་བ་ཡི་ཆོས་གྲགས་ལ།། སྲུང་བ་བྱས་ནས་བརྟུལ་ཞུགས་སྡོམ་གནས་པ།། རབ་བཞི་ཁ་ནས་སྔགས་བརྗོད་བཞུགས
279b5 པར་བྱ།། དར་ལ་སོགས་པས་མིག་ནི་གཡོགས་ནས་ནི།། རྡོ་རྗེ་འཛིན་མ་དཔལ་གྱི་པད་མོར་ལག་གཉིས་བྱ།། མེ་ཏོག་རིན་ཆེན་ལ་སོགས་བརྒྱན།། གཡོན་གྱིས་ལག
279b6 པ་བཀང་སྟེ་བཞུགས་པར་བྱ།། སྔགས་ནི་འདི་རྣམས་ཡིན་ནོ།། ཨོཾ་བཛྲ་ཨ་ཏི་ཏིཥྛ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་པྲ་བེ་ཤ་ཡ་བཛྲ་ཧཱུཾ། ཨ་ས་མེ་ཏྲི་ས་མེ།
279b7 མ་ཧཱ་ས་མ་ཡེ་སྟེ།། དེ་ནས་སྔགས་འདིས་མེ་ཏོག་ལ་སོགས་དོར་བར་བྱའོ།། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར།། བདག་ལ་ཐུགས་རྗེ་དགོངས་ནས་ནི།། འགྲོ