e-texts navigator
Collection
Volume
Page
Wylie

279a1 རྣམས་བཞག་པར་བྱ།། བཟའ་དང་བཏུང་བ་ལེགས་སྦྱར་དང་།། བཅའ་བ་སྣ་ཚོགས་བཞག་པར་བྱ།། གནོད་སྦྱིན་སྲིན་པོའི་ཁ་ཟས་སུ།
279a2 གཏོར་མ་རྣམ་པ་སྣ་ཚོགས་བཞག། འབྱུང་བ་ཅན་དང་ཀླུ་དང་ལྷ།། མི་དང་མི་མིན་དེ་བཞིན་ཏེ།། མེ་ཏོག་དྲི་རྣམས་སྣ་ཚོགས་དང་།། མར་དང་འོ་མ་ཁ་རར་བཅས།། རྣམ
279a3 རྒྱལ་བུམ་པ་དྲི་ཡི་ཆུས།། རབ་ཏུ་བཀང་བ་བཞག་པར་བྱ།། དེ་ནས་ཁྲུས་ལ་སོགས་བྱས་ལ།། དྲི་དང་ཕྲེང་མཆོག་ཕྲེང་བ་ཅན།། དྲི་ཞིམ་ཁ་སྐད་མཆོག་མཛེས་པ།། རྡོ་རྗེ
279a4 འཛིན་མས་ཞུགས་ནས་ཀྱང་།། མེ་ཏོག་ཐོགས་ཏེ་སྒོ་ཕྱོགས་འདུག། གཙོ་བོ་རྒྱལ་བ་སྲས་ཀྱི་འཁོར།། མང་པོ་རྣམས་ནི་སྤྱན་དྲངས་ཏེ།། ཕྱག་རྒྱ་སྔགས་དང་བདག་ལྡན
279a5 ཞིང་།། ལྕགས་ཀྱུ་ལ་སོགས་རྣལ་འབྱོར་གྱིས།། ཛ་ཧཱུཾ་བཾ་ཧོ་ཐུགས་རྗེའི་བདག། ཚུར་གཤེགས་ཀྱིས་ནི་བརྗོད་ནས་ཡང་།། གསང་བའི་བཅིངས་པས་བཅིངས་ནས་ནི།།
279a6 འཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱ།། ཞགས་པ་བཞིན་དུ་སྦྱར་ནས་ཀྱང་།། དེ་གཉིས་ལྕགས་སྒྲོག་ཚུལ་དུ་བྱ།། འཐེབ་གཉིས་ནང་དུ་བཀྲུགས་ནས་ཡང་།། བསྐྱོད
279a7 བར་གྱུར་ན་དབང་དུ་འགྱུར།། དེ་ནས་མཚན་མ་སྐྱེས་ཏེ་བཀུགས་ནས་ནི།། ཐོག་མཐའ་མེད་པའི་མངོན་སུམ་མཐོང་།། ཨརྒ་མཆོག་བསྟབས་གསང་བ་ལ་སོགས




iiif viewer powered by OpenSeadragon

278b - 279b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba