| e-texts navigator |
| Wylie |
278b1 གླིང་བཞི་པོ་ནི་བྲི་བར་བྱ།། འཛམ་བུ་གླིང་དུ་ཚངས་པ་བྲི།། བྱང་ཕྱོགས་སུ་དབང་ཕྱུག་ཆེ།། ཤར་དང་ནུབ་ཀྱི་གླིང་དུ་ནི།། བརྒྱ་བྱིན་རྟོགས་འདོད་ཐམས་ཅད་དང་།། འཁོར
278b2 དང་བཅས་པ་བྲི་བར་བྱ།། གཞན་དག་ཀྱང་ནི་དེ་བཞིན་ཏེ།། ལྷ་མིན་དྲི་ཟ་ན་མཁའ་ལྡིང་།། གནོད་སྦྱིན་སྲིན་པོ་ལྟོ་འཕྱེ་ཆེ།། འབྱུང་པོ་ཡི་དགས་འདྲེ་རྣམས་དང་།། ཀླུ་དང་སྦྲུལ
278b3 དང་རི་རྣམས་དང་།། རྒྱལ་པོ་བཞི་རྣམས་བྲི་བར་བྱ།། གཟའ་དང་སྐར་མ་རྒྱུ་དཀར་དང་།། ཁྲོ་བོ་མ་རུངས་འཚེ་བ་ཡི།། བགེགས་དང་བྱི་ན་ཡ་ཀ་དང་།། སེམས་ཅན་ཀན་ལ
278b4 ཕན་པ་ཡི།། དྲང་སྲོང་བསྐལ་པ་ཆེན་པོ་རྣམས།། མཁའ་འགྲོ་མ་དང་བུད་མེད་བྲི།། དེ་བཞིན་སྲིན་མོ་རྣལ་འབྱོར་མ།། འབྱུང་བ་བཞིའི་ལྷ་ཆེན་པོ།། ཁྱིམ་དང་རི་ལ་གནས
278b5 པ་དང་།། ཤིང་དང་ཀུན་དགའི་གནས་ལ་སོགས།། དུར་ཁྲོད་གྲོང་ཁྱེར་གནས་པ་རྣམས།། མིང་ངམ་བདའ་མ་ཡང་ན་ནི།། ཐིག་ལེ་རྣམས་ཀྱང་བྲི་བར་བྱ།། དེ་ནས་མཁ
278b6 པས་དཀྱིལ་འཁོར་ལ།། བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་།། གདུགས་དང་རྔ་མ་ལྔ་ལྡི་དང་།། ཕན་དང་སྣ་ཚོགས་ན་བཟས་མཆོད།། གསེར་ལས་བྱས་པའི་བྱ་རྣམས་ནི།།
278b7 བརྒྱད་དམ་བཅུ་དྲུག་ལྷག་ཀྱང་རུང་།། དབང་བསྐུར་རིན་ཆེན་ཆུས་བཀང་བའི།། བུམ་པ་ལྔ་ནི་བཞག་པར་བྱ།། མར་མེ་གཏོར་མ་བུམ་པ་དང་།། མཛེས་པའི་བཤོས