e-texts navigator
Collection
Volume
Page
Wylie

277b1 གྱི་བྱང་ཆུབ་སེམས།། བླ་ན་མེད་པར་རྟོགས་འགྱུར་བ།། རྒྱལ་བས་གསུངས་པའི་ཡེ་ཤེས་གང་།། དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས།། དེ་ནས་ཡང་བཅོམ་ལྡན་འདས
277b2 ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་རྩེ་བའི་སླད་དུ། ཕྱིའི་དཀྱིལ་འཁོར་འདི་གསུངས་སོ།། གཙུག་ལག་ཁང་དང་སྐྱེད་མོས་འཚལ།། མཆོད་རྟེན་ལྷ་ཁང་ཀུན་དགའ
277b3 ཚོགས།། ཇི་བཞིན་པ་ཡི་ཆོ་ག་ཡིས།། གནས་ནི་བྱིན་གྱིས་བརླབ་པ་ཙམ།། བྱིན་གྱིས་བརླབ་པའི་གནས་དེར་ནི།། ཕྱིའི་དཀྱིལ་འཁོར་བྲི་བར་བྱ།། གྲུ་བཞི་པ་ལ
277b4 སྒོ་བཞི་པ།། རྟ་བབས་བཞི་དང་ལྡན་པ་དང་།། ཐེམ་སྐས་བཞིའི་ཕྲེང་བ་དང་།། སེང་གེ་བན་གླང་རྣམས་ཀྱིས་བརྒྱན།། དར་དང་ལྡ་ལྡི་དོ་ཤལ་ཕྲེང་།། དྲིལ་བུ་དང
277b5 ནི་རྔ་མས་བརྒྱན།། རྡོ་རྗེ་རིན་ཆེན་པདྨ་དང་།། རྒྱ་གྲམ་པ་ཡི་ཕྱག་རྒྱས་བརྒྱན།། སྲད་བུ་བརྒྱད་དང་ལྡན་པ་ལ།། ཕྱིའི་སྒོ་འཁྱུད་རྣམས་ཀྱིས་བརྒྱན།། དགུའི་ཆར་ནི་བསྒོམ
277b6 པ་ལས།། སྒོ་དང་སྒོ་འཁྱུད་སུམ་ཆར་བྱ།། རྡོ་རྗེ་སྲད་བུས་ཐིག་གདབ་བོ།། དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་པ།། ཆོས་ཀྱི་འཁོར་ལོ་འདྲ་བ་དང་།། ལྟེ་བར་བཅས
277b7 པའི་རྩིབས་བཅུ་དྲུག། རིམ་པ་གསུམ་དང་ལྡན་པ་ལ།། རྩིབས་ནི་གཉིས་འགྱུར་ཉིད་དུ་བྱ།། དབུས་ཀྱི་ཕྱོགས་སུ་ཀུན་རིག་ནི།། དུང་དང་ཀུན་དུ་ཟླ་འདྲ་ལ།། ཞལ་བཞི




iiif viewer powered by OpenSeadragon

277a - 278a

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba