| e-texts navigator |
| Wylie |
277a1 བུ་འམ་རིགས་ཀྱི་བུ་མོ་གང་ཡང་རུང་བ་མིང་ཙམ་ཉན་ཏམ། བཅངས་སམ། ཀླགས་སམ་བྲིས་ནས་ཀྱང་མགོ་བོ་འམ། རྩུག་ཕུད་དམ། དཔུང་པ
277a2 འམ། འགུལ་དུ་བཏགས་ཏེ་བཅངས་ན། གཞན་གང་ཡང་རུང་བའི་བདེ་བ་མྱོང་བར་འགྱུར་རོ།། ལྷའི་དབང་པོ་མདོར་ན་འཇིག་རྟེན་ནམ། འཇིག་རྟེན་ལས་འདས་པའི་ཕན
277a3 པ་དང་། བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ།། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་དེ་བཞིན་དུ་བསྐོར་བ་བྱས་ཏེ། ཕྱག་འཚལ་ནས
277a4 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཀྱི་དབང་དུ་གྱུར་པ་རྣམས་ལ་ཕན་པ་དང་བདེ་བར་བགྱིད་པ་དང་། ཅི་ནས་ཀྱང་སེམས་ཅན་དེ་དག
277a5 ངན་སོང་ཐམས་ཅད་ལས་རྒྱབ་ཀྱིས་ཕྱོགས་པར་བགྱི་བ་དང་། བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བླག་ཏུ་རྟོགས་པར་བགྱི་བའི་སླད་དུ་གསོལ
277a6 དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས
277a7 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ།། སངས་རྒྱས་ཀུན