e-texts navigator
Collection
Volume
Page
Wylie

276a1 རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་དེ
276a2 དག་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདིས་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། གདོན་མི་ཟ་བར་དོན་ཡོད་པའི་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བའི
276a3 ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ཡང་ཉིད་ཀྱི་ཐུགས་ཁ་ནས་སྔགས་འདི་ཕྱུང་ནས་ལྷ་དེ་དག་དམ་ཚིག་ཅན་དུ་བྱིན་གྱིས་བརླབས་སོ།། ཨོཾ་བཛྲ་ཨ་ཏིཥྛ་ན་ཛཱ།
276a4 ས་མ་ཡེ་ཧཱུཾ།། དེ་ལྟར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཀྱང་། གདོན་མི་ཟ་བར་མི་མཆོམ་པའི་རྡོ་རྗེའི་བྱིན་གྱིས་བརླབས་ནས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོད
276a5 བའི་རྒྱལ་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་སྙིང་ཁ་ནས་ཕྱུང་ངོ་།། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུད་དྷེ། སརྦོ
276a6 ཀརྨ་ཨ་བ་ར་ན་བཱི་ཤུདྡྷེ་སྭཱ་ཧཱ། རིན་པོ་ཆེ་འདི་བཤད་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱང་ངན་སོང་གི་རྒྱུད་ཀྱི་འཆིང་བ་ཐམས་ཅད་རྣམ་པར་བཅད་དོ།། ངན་འགྲོ་ཐམས
276a7 ཅད་རྣམ་པར་སྤངས་སོ།། སྡུག་བསྔལ་མི་བཟད་པ་རྣམས་རབ་ཏུ་ཞི་སྟེ། སྐྱེ་བོ་མང་པོ་རྣམས་བདེ་བ་དང་ལྡན་པར་གྱུར་ཏོ།། དེ་ལས་གཞན་ཡང་གསང་བའི་སྙིང་པོ་འདི་གསུང་སོ།།




iiif viewer powered by OpenSeadragon

275b - 276b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba