| e-texts navigator |
| Wylie |
275b1 ཅུ་རྩ་བཞིས་ཀྱང་བཤད་པ་འདིངས་ཀྱང་བཤད་ཀྱིས་ཉོན་ཅིག། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཡང་བཅོམ་ལྡན་འདས་ལ་མེ་ཏོག་མན་དྷ་ར་བ་དང་། མན་དྷ་ར།
275b2 བ་ཆེན་པོ་དང་། མེ་ཏོག་བཀྲམ་པ་སྣ་ཚོགས་དང་། རིན་པོ་ཆེའི་དབུ་རྒྱན་དང་། ཕྱག་གདུབ་དང་། དཔུ་ང་རྒྱན་དང་། སྙན་ཙ་དང་། དོ་ཤལ་དང་། སེ་མོ་དོ་ལ་སོགས
275b3 པ་རྒྱན་གྱི་ཁྱད་པར་རྣམ་པ་སྣ་ཚོགས་ཀྱིས་མངོན་པར་མཆོད་དེ། ལན་བརྒྱ་ཕྲག་དུ་མར་བསྐོར་བ་བྱས་ཤིང་ཕྱག་འཚལ་ནས། ལེགས་སོ་ལེགས་སོ་བཅོམ་ལྡན་འདས་ལེགསོ
275b4 བདེ་བར་གཤེགས་པ་ལེགས་སོ་ཞེས་བྱ་བར་མཉེས་པར་བྱས་ནས། བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང་། བདེ་བར་བགྱི་བ་དང་། མ་འོངས
275b5 པའི་སེམས་ཅན་རྣམས་ངན་སོང་གི་རྒྱུད་གསུམ་ལས་རྣམ་པར་ཐར་པར་བགྱི་བའི་སླད་དུ་ལེགས་པར་བཤད་དུ་གསོལ། དེ་ནས་ཚངས་པ་ཆེན་པོ་ལ་སོགས་པ་ལྷ་མང་པོ་རྣམས
275b6 ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ།། ལེགས་སོ་བཅོམ་ལྡན་འདས། ལེགས་སོ་བདེ་བར་གཤེགས་པ། ཅི་ནས་ཀྱང་མ་འོངས་པའི་སེམས་ཅན་རྣམས་ཀྱིས་མཚན་ཐོས
275b7 པ་ཙམ་གྱིས་ཀྱང་ངན་སོང་གསུམ་གྱི་ལམ་ལས་རྣམ་པར་གྲོལ་ཏེ། བདེ་འགྲོ་ལྷའི་འཇིག་རྟེན་ནས་མིའི་འཇིག་རྟེན་དུ་སྐྱེས་ནས་ཀྱང་། བླ་ན་མ་མཆིས་པ་ཡང་དག་པར