| e-texts navigator |
| Wylie |
275a1 ཀྱི་མིར་སྐྱེས་ནས་ཀྱང་འོན་པ་དང་། རིག་པ་དང་། ལྐུགས་པའི་རང་བཞིན་ཅན་དང་། སྒྲ་མི་གསལ་བར་ལོ་སྟོང་ཕྲག་དྲུག་བཅུའི་བར་དམྱོང
275a2 ནས། ལོ་སྟོང་ཕྲག་བརྒྱ་ཅུ་རྩ་བཞིར་ནད་དང་སྣ་ཁྲག་འཛག་པ་དང་། མཛེ་དང་པོ་ལ་རྣམས་ཀྱིས་གཟིར་བ་དང་། སྐྱེ་བོ་མང་པོས་སྨད་པ་དང་། ཡོངས་ཀྱིས་སྤངས་པ་དང་། རིགས
275a3 དམན་པའི་རིགས་ཅན་རྗེས་སུ་མྱོང་ཞིང་སྡུག་བསྔལ་བ་དང་སྡུག་བསྔལ་རྒྱུད་མ་དང་། གཞན་ཡང་གནོད་བྱེད་པ་དང་། ལས་ཀྱི་སྒྲིབ་པ་བར་ཆད་མེད་པ་རྣམ་པ་སྣ་ཚོགས་པ་མྱོང
275a4 བར་བྱེད་པ་དང་། གཞན་ཡང་སྡུག་བསྔལ་ཅིག་ནས་ཅིག་ཏུ་རྒྱུད་པ་མྱོང་ཞིང་མྱོང་བར་འགྱུར་རོ།། དེ་ནས་བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་ཐམས་ཅད་ཀྱིས་ཐོས་ནས།
275a5 ཤིན་དུ་སྔངས་ཤིང་སྐྲག་སྟེ། སྐྱེ་ནས་ཁ་བུབ་དུ་འགྱེལ་ལོ།། དེ་ནས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ།། སྡུག་བསྔལ་ཆེན་པོ་རྒྱུད་པོ་འདི་ལས་བཅོམ་ལྡན་འདས་ཇི་ལྟར
275a6 ཐར་བར་འགྱུར།། བདེ་བར་གཤེགས་པ་ཇི་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་ཅི་ནས་ཀྱང་སྡུག་བསྔལ་གྱི་ཕུང་པོ་འདི་ལས་རྣམ་པར་གྲོལ་བར་འགྱུར།། འདི
275a7 ལས་སྒྲུབ་པར་གསོལ།། བདེ་བར་གཤེགས་པ་འདི་ལས་སྐྱབས་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་སངས་རྒྱས་བྱེ་བ་ཕྲག་བརྒྱ