| e-texts navigator |
| Wylie |
274b1 པ་བསྐྱེད་དུ་གསོལ། བདེ་བར་གཤེགས་པ་བདག་སྤོབས་པ་བསྐྱེད་དུ་གསོལ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་ལྷའི་རིགས་འདི་ཉིད་ནས། ལྷའི་བུ་ནོར་བུ
274b2 དྲི་མ་མེད་པའི་འོད་ཅེས་བགྱི་བ་ཞིག། ཤི་འཕོས་ཏེ་དུས་ལས་འདས་ནས་གང་བདུན་ལོན་ལགས་ན། བཅོམ་ལྡན་འདས་དེ་གང་དུ་སྐྱེས། བདེ་བ་འམ་སྡུག་བསྔལ་བ
274b3 ཅི་ཞིག་མྱོང་བར་འགྱུར་བ་བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
274b4 ལྷའི་དབང་པོ་ཇི་སྟེ་དུས་ལ་བབ་པར་ཤེས་ན་ཉོན་ཅིག། ལྷའི་དབང་པོས་གསོལ་པ། བཅོམ་ལྡན་འདས་དུས་འདི་ནི་དུས་ལ་བབ་པ་ལགས་སོ།། བདེ་བར་གཤེགས
274b5 པ་དུས་འདི་ནི་དུས་ལ་བབ་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ལྷའི་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་འདི་ནས་ཤི་འཕོས་ནས།།
274b6 འཚམས་མེད་པའི་དམྱལ་བ་ཆེན་པོར་སྐྱེས་ནས། དེས་དེར་ལོ་སྟོང་ཕྲག་བཅུ་གཉིས་ཀྱིས་བར་དུ། སྡུག་བསྔལ་མ་རུངས་པ་མི་ཟད་པ་མྱོང་ནས་སེམས་ཅན་དམྱལ
274b7 བ་ཆུང་ངུ་རྣམས་སུ་ཡང་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ངོ་།། བྱོལ་སོང་དང་ཡི་དགས་ཀྱི་སྐྱེ་གནས་སུ་ཡང་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ནས། མཐའ་འཁོར