e-texts navigator
Collection
Volume
Page
Wylie

274a1 སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་ལྡན་པའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ
274a2 པ་དང་མཉམ་པའི་རྫུ་འཕྲུལ་དང་ལྡན་པའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཉམ་པ་དང་མཉམ་པའི་སྟོབས་དང་ལྡན་པའོ།། ལྷའི་དབང་པོ་དེ་ལྟར་བས་ན།
274a3 སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྣོད་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང་། ཇི་ལྟར་འདུལ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང་། མོས་པ་ཇི་ལྟ་བ
274a4 བཞིན་དུ་སེམས་ཅན་གྱི་དོན་མཛད་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལ་ཐེ་ཚོམ་དང་སོམ་ཉི་དང་། ཡིད་གཉིས་མ་བྱེད་ཅིག། གང་དེ་བཞིན་གཤེགས་པ་རྣམས
274a5 ཀྱིས་འདལ་བར་མི་འགྱུར་བ་ནི་གནས་མ་ཡིན་ནོ།། དེ་ནས་ལྷའི་དབང་པོ་རྒྱ་བྱིན་རང་གྱི་སྟན་ལས་ལངས་ནས། ཡང་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེ་ཞིང་ཆེ་བ་བྱས
274a6 ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་ཅན་རྣམས་ལ་ཕན་པ་ཉིད་དུ་བགྱི་བ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཉིད་དུ་བགྱི་བ
274a7 དང་སྙིང་རྗེ་བ་ཅན་དུ་བགྱི་བ་དང་། སྙིང་བརྩེ་བ་ཆེན་པོ་ཅན་དུ་བགྱི་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བར་བཅོམ་ལྡན་འདས་བདག་སྨོན




iiif viewer powered by OpenSeadragon

273b - 274b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba