| e-texts navigator |
| Wylie |
268b1 རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། རབ་ཏུ་དགའ་བ་མི་འགྱུར་མཆོག། ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངསོ།། དེ་ནས་སྤྱན་རས་གཟིགས་དབང་ཕྱུག་གི་ནི།། པད་མ་རཿ།
268b2 དང་མཚུངས་པ།། ཐམས་ཅད་དག་པ་བླ་ན་མེད།། རྡོ་རྗེ་སེམས་དཔའ་རང་ཉིད་བདག། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཉིད།། དེ་ནས་པད་མའི་རིགས་ཁོ་ན་ཉིད་ནི།།
268b3 རྡོ་རྗེ་ཆོས་ནི་རབ་གྲུབ་ཕྱིར།། སེམས་ཅན་ཐམས་ཅད་རྣམ་དག་ཕྱིར།། པད་མ་ཆེན་པོའི་རིགས་དག་པ།། ཏིང་འཛིན་ཡེ་ཤེས་ཀུན་ནས་བསྡུས་ཞེས་བྱའོ།། དེ་ལ་ཇི་ལྟར་ནས།
268b4 མཁའི་སྙིང་པོ་ཡིན་ཞེ་ན།། ཐམས་ཅད་ན་མཁའ་བཅོམ་ལྡན་འདས།། སེམས་ཅན་བསོད་ནམས་མཐོ་ཞིང་ཆེ།། ནམ་མཁའི་སྙིང་པོ་སེམས་དཔའ་ང་།། དེ་ནས་ནོར་བུའི
268b5 རིགས་རྣམས་ཀྱིས།། དབང་བསྐུར་བ་དང་གཏེར་དང་ནི།། རྡོ་རྗེ་རྒྱལ་མཚན་མཆོད་པ་ཆེ།། ནོར་བུ་ཆེན་པོའི་རིགས་གྲུབ་པ།། བསམ་པ་ཐམས་ཅད་ཡོངས་རྫོགས
268b6 པའོ།། ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་རིགས་ཐམས་ཅད་ཀྱི་དབང་བསྐུར་བ
268b7 ཤེས་པ་ནི།། སངས་རྒྱས་རིན་ཆེན་རྡོ་རྗེ་ཕྱེད།། རྡོ་རྗེ་རིགས་ལ་རྡོ་རྗེ་དབྱེ།། སྤྱན་རས་གཟིགས་ལ་རྡོ་རྗེ་སྐུ།། ནོར་བུ་ནོར་བུས་འཛིན་པའོ།། དེ་ནས་མཆོད་པའི་ཕྱག་མཚན