| e-texts navigator |
| Wylie |
268a1 བརྗོད་དོ།། རྡོ་རྗེ་དེ་ཉིད་དོན་ཡོད་གྲུག། དམ་ཚིག་འདའ་བར་དཀའ་བའོ།། ཞེས་བྱ་བའི་མཆོག་དམ་པའི་གྲཝ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས
268a2 གསུངས་སོ།། དེ་ལ་ཇི་ལྟར་དཀྱིལ་འཁོར་གྱི་རྒྱུད་ཀྱི་དོན་ཤེས་པ་ཡིན་ཞེ་ན།། ཇི་ལྟར་གནས་དང་འཁོར་ལོ་དང་།། ཇི་ལྟར་འགྲོ་བ་དགོད་པ་དང་།། དེ་འདྲའི་འཁོར་ལོ་ཚོགས
268a3 ཀྱིས་སྤྲུལ།། དེ་ནས་རྣམ་པར་སྨིན་པ་ཤེས་པ་ནི།། རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱིས།། འཁོར་ལོ་མངོན་གསུམ་མཐོང་བ་ཡིས།། རྟག་པའི་བསོད་ནམས་ཅི་འདྲ་བ།། ཕྱི་ནས
268a4 བྲིས་ནའང་དེ་བཞིན་ནོ།། དེ་ནས་ཐིག་གདབ་པའི་ཆོ་ག་ནི།། ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི།། ཕྱོགས་ཀུན་མ་ཉམས་པ་ཉིད་མི་གསལ།། ཤར་དང་ནུབ་དང་བྱང་དང་ལྷོ།
268a5 ཐིག་བཞི་གདབ་པས་དཀྱིལ་འཁོར་བརྒྱད།། རྡོ་རྗེ་ཐིག་གིས་ཡོངས་བསྐོར་བར།། བཀའ་བ་བརྒྱད་ཀྱིས་ཉེར་མཛེས་ཤིང་།། སྒོ་བཞི་རྟ་བབ་ཁ་ཁྱེར་དང་།། དྲ་བ་དྲ་ཕྱེད
268a6 ལ་སོགས་རྒྱན།། དེར་བདག་པ་ཡི་དོན་ཤེས་ནི།། རྡོ་རྗེ་སེམས་དཔའ་ཇི་ལྟ་བུ་ཡིན་ཞེ་ན།། ནམ་མཁའ་སྐྱེ་བ་མཚན་མེད་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ
268a7 རྡོ་རྗེ་ཆེ་རང་བཞིན།། དཔལ་མཆོག་དང་པོ་ཞེས་བྱར་བརྗོད།། དེ་ནས་བཅོམ་ལྡན་འདས་གང་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།