| e-texts navigator |
| Wylie |
266b1 འདི།། རྡོ་རྗེ་སེམས་དཔའ་གང་གིས་བརྗོད།། དངོས་གྲུབ་ཀུན་གྱི་འབྱོར་པ་རྣམས།། དེ་ལ་ཐམས་ཅད་གྲུབ་པར་འགྱུར།། ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་བཅོམ་ལྡན་འདས
266b2 རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་དེའི་འོག་ཏུ་ལས་ཀྱི་བྱ་བས་བཅོམ་ལྡན་འདས་ཐམས་ཅད་ཀྱི་མཆོག་ཉིད་དུ་བཤད་པར་བྱའོ།། །། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ
266b3 སེམས་དཔས་གསུངསོ།། དེ་ལ་བཅོམ་ལྡན་འདས་ཀྱི་སེམས་ཇི་ལྟར་ཡིན་ཞེ་ན། བསམ་གྱིས་མི་ཁྱབ་རྒྱ་ཆེ་བ།། དངོས་གྲུབ་ཀུན་བདེ་མི་འགྱུར་བ།། ཐམས་ཅད་ཁྱབ་ཅིང
266b4 དྲི་མ་མེད།། བྱང་ཆུབ་སེམས་ནི་བདག་བརྟན་པ།། དེ་ནས་འདི་ཡི་ལས་ཀྱི་ཁྱད་པར་ནི།། སེམས་ཉིད་བརྟན་པ་ཉིད་སེམས་དཔས།། ཏིང་འཛིན་དེ་ལ་མཉམ་པར་བཞག
266b5 རྣམ་ཤེས་ལས་ནི་རྡོ་རྗེ་ཀུན།། རྡོ་རྗེ་ལས་ནི་རྡོར་འཛིན་འབྱུང་།། དེ་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཇི་ལྟར་ཡིན་ཞེ་ན།། སེམས་དཔའི་བྱིན་བརླབས་སྦྱོར་བ་ནི།། བདག
266b6 ལ་བྱིན་བརླབས་མཆོག་གྲུབ་པ།། ཉིན་རེ་བསྒྲུབ་པར་བྱེད་ན་དེས།། རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར།། དེ་ལ་བཅོམ་ལྡན་འདས་ཀུན་ཏེ་བཟང་པོའི་སྤྱོད་པ་ཇི་ལྟར་ཡིན་ཞེ་ན།
266b7 སྙིང་སྟོབས་རྡུལ་དང་མུན་པས་ཀྱང་།། གང་ཕྱིར་སེམས་ཅན་དོན་འགྱུར་བས།། དེ་བས་ངས་ནི་ཀུན་ཏུ་བཟང་།། བྱང་ཆུབ་སྤྱོད་པའི་རྗེས་འཇུག་པའོ།། དེ་ལ་ཇི་ལྟར་བཅོམ