| e-texts navigator |
| Wylie |
264a1 གསལ་ཞིང་མི་སླུ་བར་སྨྲའོ།། རང་གི་ལུས་ལ་འབེབས་པས་གཟུགས་ཐམས་ཅད་ཡོངས་སུ་བསྒྱུར་བ་སྟེ།། རྡོ་རྗེ་སེམས་དཔའ་འམ་སངས་རྒྱས་སུ་ཡང
264a2 འགྱུར་བ་ཡིན་ནོ།། རང་གི་བདག་ཉིད་རྡོ་རྗེ་བསྒོམས་པས་ན་མཁའ་ལ་འགྲོ་བའོ།། དེ་ནས་དང་པོའི་ལས་ཐམས་ཅད་ཀྱི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་ཐལ་མོ་ཁ་ཊ~ཾ་ཀ་སོ།། དང་གྲུབ་ཐམས་ཅད
264a3 རྡོ་རྗེ་ཁུ་ཚུར་དག་གིས་སོ།། དེ་བཞིན་གཤེགས་པའི་ཁུ་ཚུར་དག་གིས་དངོས་གྲུབ་ཐམས་ཅད་དོ།། ཐམས་ཅད་གསོད་པ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་དག་གི་སོ།། ཐམས་ཅད་སྤང་བ་ནི་བ
264a4 མའི་ཁུ་ཚུར་དག་གིས་སོ།། ནོར་ཐམས་ཅད་དབྲོག་པ་ནི། ནོར་བུའི་ཁུ་ཚུར་གྱིས་སོ།། ཐམས་ཅད་འབེབས་པ་ནི་ཐམས་ཅད་འབེབས་པའི་ཁུ་ཚུར་དག་གིས་སོ།། ཐམས་ཅད་གར
264a5 བྱེད་དུ་བཞག་པ་ནི་ཁ་ཊི་ཀ་གཏོར་བའི་ཁུ་ཚུར་གྱིས་སོ།། ཐམས་ཅད་སླར་བཞག་པ་ནི་འཛུབ་མོ་མཉམ་པའི་ལྕེའི་ཁུ་ཚུར་དག་གིས་སོ།། ཐམས་ཅད་བསྟོད་པ་ནི་བརྟན་པའི་ཁུ་ཚུར
264a6 དག་གིས་སོ།། ཐམས་ཅད་བཞུག་ཅིང་དོན་ཡོད་པར་བསྒྲུབ་པ་ནི་རྡོ་རྗེ་ལྕགས་ཀྱུའི་ཁུ་ཚུར་དག་གིསོ།། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཅི་འདོད་པའི་ལག་པའི་སོར་མོའི་ཕྱག་རྒྱ་བཅུ་སྟེ།
264a7 དོན་ཡོད་ཅིང་ཐོགས་པ་མེད་པར་སྐ་ཅིག་མ་ལུས་མྱུར་དུ་ལས་རབ་དུ་འགྲུབ་པར་བྱེད་པའོ།། འདི་ལྟ་སྟེ་བི་ཝང་དང་། གླིང་བུ་དང་། རྫ་རྔ་དང་། ཀུ་མུ་དྷ་དང་། ཆ་ལང་དང་། རྔ་བོ་ཆེ་དང་།
264a8 རྔ་ཟླུམ་དང་། རྔ་བ་དང་། ཧ་དང་། འགུན་ཛ་དང་། ཏི་མི་ལི་དང་། འདི་རྣམས་ཀྱིས་རྒྱས་བཏབ་ན་ཐམས་ཅད་རྗེ་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། འབེབས་པ་དང་། རིམས་དང་།