e-texts navigator
Collection
Volume
Page
Wylie

261b1 བསྒྲུབ་པར་བྱེད་སྟེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་ནི།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བ་ནི་བཅུ་སྟེ། སྙིང་ཁར་སེན་མོས
261b2 རྡེག་པའོ།། ལྕགས་ཀྱུ་རྡེག་པའོ།། གཡོན་པའི་ལྕགས་ཀྱུ་ལ་གཡས་པས་བཞུགས་པའོ།། ལྕགས་ཀྱུའི་རྩེ་མོ་བཙིར་བའོ།། ཕན་ཚུན་སེ་ནི་མོ་བླུན་པའོ།། སྙིང་ཁར་བྱབ་པའོ།།
261b3 ལྕེ་མཉམ་པར་འབྱིན་པའོ།། སྙིང་ཁར་རྡོ་རྗེ་བརྟན་པར་རབ་དུ་བཞག་པའོ།། རྡོ་རྗེས་བྱབ་པའོ།། རྩ་བའི་ཕྱག་རྒྱ་ཡང་ངོ་།། འདི་རྣམས་ཀྱིས་དངོས་གྲུབ་དང་། ཕུན་སུམ་ཚོགས་པ་དང་།
261b4 བདེ་བ་དང་། ཕྱག་རྒྱ་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། ཆོས་དང་། ཡེ་ཤེས་དང་། ལས་དང་། བདེ་བ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་དོན་ཡོད་པ་ཐོབ་པར་འགྱུར་རོ།།
261b5 དེ་ནས་གསང་བའི་དམ་ཚིག་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་ལས་བཅུའི་དབུས་མའི་ལྕགས་ཀྱུས་སོ།། མཐེ་བོ་རྡོ་རྗེའོ།། དེ་ཉིད་ཀྱི་མཐིལ་བྲུང་བའོ།། འཛུབ་མེའི་རྡོ་རྗེ་དེ་ཉིད་ཀྱིས
261b6 ལྕགས་ཀྱུ་གཉིས་སོ།། དབུས་མའི་རྡོ་རྗེའོ།། དེ་ཉིད་ཀྱིས་སོར་མོའི་རྩེ་མོ་བཅིང་བར་བྱའོ།། སྲིན་ལག་གི་རྡོ་རྗེའོ།། དེ་ཉིད་ཀྱིས་སོར་མོ་དག་གི་རོལ་མོའོ།། མཐེ་ཆུང་གི་རྡོ་རྗེའོ།། དེ་ཉིད་ཀྱི
261b7 མཐེ་བོང་གཉིས་ཀྱིས་སེན་མོ་བཙིར་བའོ།། འདི་རྣམས་ཀྱི་རྒྱས་བཏབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། དགུག་པ




iiif viewer powered by OpenSeadragon

261a - 262a

Texts on this page

F477 - dpal mchog dang po'i sngags kyi rtog pa'i dum bu zhes bya ba