| e-texts navigator |
| Wylie |
132b1 སུཿལྷ་མོ་རྣམས་ཀྱིས་རབ་བསྐུལ་བ།། དཀྱིལ་འཁོར་གྱི་ནི་བྲ་རྣམས་དང་།། སྒོ་འཁྱུད་ཀྱི་ནི་འཚམས་རྣམས་སུ།། ཟླ་བ་ཕྱེད་པ་རབ་ཏུ་གནས།། རྡོ་རྗེ་རིན་ཆེན་འབར་བྱེད་པ།
132b2 རླུང་གི་བསྐྱོད་པ་རྩེ་མོ་མཆོག། བ་དན་དྲིལ་བུ་སྒྲ་སྒྲོགས་པ།། དྲ་བ་མེ་ལོང་མེ་ཏོག་ཕྲེང་།། ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ།། དེ་ཡི་ནང་དུ་འཁོར་ལོ་ནི།། དཀྱིལ་འཁོར་བརྒྱད་པ་དང
132b3 འདྲ་བ།། རྡོ་རྗེ་ཐིག་གིས་ལེགས་པར་བསྐོར།། རྡོ་རྗེ་འཁོར་ལོ་ཡང་དག་བྲི།། དེ་ཡི་དབུས་སུ་དགོད་པ་ནི།། རྡོ་རྗེ་སེམས་དཔའ་དགོད་པར་བྱ།། ལུགས་མ་འམ་འབུར་དུ་རྐོས་པ་འམ།།
132b4 ཡང་ན་རི་མོར་བྱས་པ་ཡི།། ཟླ་བའི་མདོག་ཅན་འཛུམ་དང་བཅས།། འོད་ཟེར་དམར་པོ་འོད་འཕྲོ་བ།། སངས་རྒྱས་ཕྲེང་བས་སྤྲས་པ་ཡི།། ཡན་ལག་རྣམ་པར་མཛེས་པ་ནི།།
132b5 སེམས་དཔའི་དཀྱིལ་འདཀྲུང་དག་གིས་བཞུགས།། རྡོ་རྗེ་བསྙེམས་པའི་དམ་ཚིག་མཆོག། ས་མ་ཡ་སྟྭཾ་ཞེས་བརྗོད་ནས།། དབུས་སུ་རྣམ་པར་དགོད་པར་བྱ།། དེ་ཡི་ཕྱོགས་རྣམས
132b6 ཐམས་ཅད་དུ།། སེམས་དཔའ་ཆེན་པོ་ཡང་དག་བྲི།། སྔར་ནི་ཇི་སྐད་བསྟན་པར་བྱ་ཞིན།། དེ་བཞིན་ཆེན་རྩི་ཕྱེ་བས་བྲི།། མདུན་དུ་རྡོ་རྗེ་མཚོན་ཆ་ནི།། སྐུ་མདོག་དམར་པོ་དགོད་པར་བྱ།།
132b7 གཡས་ལོགས་ཕྱག་ན་རྡོ་རྗེ་མ།། སྐུ་མདོག་ཤིན་ཏུ་དཀར་བར་བཤད།། རྒྱབ་དུ་ཆུ་སྲིན་རྒྱལ་མཚན་ནི།། བསྣམས་པ་སྐུ་མདོག་སེར་མོའོ།། གཡོན་ལོགས་ཕྱག་གཉིས་བསྙེམས