| e-texts navigator |
| Wylie |
132a1 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ
132a2 རང་རྡོ་རྗེ་འཛིན་པའི་དབུས་སུ་བཞུགས་པ་ལ། སེམས་ཅན་ཐམས་ཅད་བདེ་བའི་དོན་དུ།། རྒྱལ་པོ་ཆེན་པོ་ཡང་དག་བསྐྱེད།། གང་ཕྱིར་འདོད་ཆགས་བྲལ་བཟུང་ཕྱིར།། རང་གི
132a3 བཙུན་པོ་ཡང་གསོལ་བར་མཛད།། དེ་ཕྱིར་ཁྱོད་ལ་གསོལ་བ་ནི།། འདུལ་བ་ཡི་ནི་མཆོག་གྱུར་པ། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི་རྟོགས་པ་གྲུབ་བརྩོལ་གསུངས།། དེ་ནས
132a4 བཅོམ་ལྡན་འདས་དོན་ཡོད་ཅིང་མཐུ་ཐོགས་པ་མེད་པ་བསྟན་པ་བདེ་བ་ཐམས་ཅད་གྲུབ་པའི་རྡོ་རྗེ་འདོད་པ་མཆོག་ཏུ་འདུལ་བ་རྣམ་པར་གནོན་པ། རྡོ་རྗེ་ཆེན་པོ་གསང་བའི་དམ་ཚིག་ཅེས་བྱ་བའི
132a5 དཀྱིལ་འཁོར་ཆེན་པོར་བཀའ་བསྩལ་ཏོ།། དེ་ནས་ཡང་དག་བཤད་པར་བྱ།། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ།། བདེ་བ་ཆེན་པོ་རྡོ་རྗེ་མཆོག། དམ་ཚིག་མཆོག་ཅེས་བྱ་བ་སྟེ།། ལེགས
132a6 པར་སྤངས་པའི་དཀྱིལ་འཁོར་གྱི།། དེ་དབུས་ཇི་ལྟ་བ་བཞིན་བསྒྲུབ།། ཕྱག་རྒྱ་ཆེན་པོར་གསུངས་པ་ཡི།། རྒྱུད་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ།། སར་པ་ལེགས་པར་བསྒྲིལ་ནས་ནི།། མདུད
132a7 པ་རྣམས་ནི་མེད་གྱུར་པ། སྲེད་བུ་ཁ་སྦྱར་བས་མཛེས་པ།། ཚོན་རྩི་རྫོགས་པས་བྲི་བར་བྱ།། ཟུར་བཞི་པ་ལ་སྒོ་བཞིཔ།། ཁ་ཁྱེར་གྱིས་ནི་ཡོངས་བསྐོར་བ།། ཁྱམས་ཀྱི་གྲཝའི་འཚམས་ནམ