| e-texts navigator |
| Wylie |
130a1 མཆོག་གི་དངོས་གྲུབ་ཀྱི་ཆོ་ག་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱལ་པོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ
130a2 དང་། གསུངས་དང་། ཐུགས་རྡོ་རྗེ་གསང་བའི་དོན་ཡོད་བསྟན་པའི་ཕྱག་རྒྱས་བཏབ་པ། སྐུ་དང་གསུངས་དང་། ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཟད་ཀྱི་དམ་ཚིག་ཆེན
130a3 པོའི་ཆོས་ཉིད་ཀྱི་ཡེ་ཤེས་ཐུགས་ཆུད་པ་ལ་རབ་ཏུ་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱ་བ་སྣ་ཚོགས་པའི་ངོ་བོའི་ལས་ཀྱིས་དུས་གསུམ་དུ་འཇིག་རྟེན་གྱིས་ཁམས་མ་ལུས་པར
130a4 སྤྲོས་པའི་ལས་ཀྱིས་མཐའ་ཅན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ་ཟླ་བ་ཕྱེད་པ་དུ་མ་རབ་ཏུ་གནས་པའི་རྡོ་རྗེ་རིན་པོ་ཆེ་རྣམས་ཀྱི་འོད་ཟེར་སྣ་ཚོགས་པ་རྣམ་པར་འཕྲོ་བའི
130a5 འོད་ཀྱི་གསལ་བར་བྱས་པས། གསེར་གྱི་དྲིལ་བུ་བཏགས་པའི་སྣ་ཚོགས་རླུང་གིས་བསྐྱོད་པ་མཛེས་པར་བྱས་པས། མེ་ཏོག་རྣམ་པ་སྣ་ཚོགས་པའི་ཆུན་འཕྱངས་དང་།
130a6 གོས་དང་ལོང་རབ་ཏུ་འཕྱང་བའི་དྲ་བས་ཀྱང་རབ་ཏུ་བརྒྱན་པ། ཁ་ཁྱེར་སྣ་ཚོགས་པ་ལ་ལེགས་པར་གནས་པའི་ལྷའི་བུ་མོ་རྒོད་ཅིང་སྒེ་གལ་གླུ་དང་བར་བྱེད་པས་སྔགས་ཤིང
130a7 བསྟོད་པ། བདེ་བ་ཆེན་པོ་རྡོ་རྗེསེམས་དཔའི་གནལ་ཡས་ཁང་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དེ་བཞིན་གཤེགས་པ་ཐར་ཅད་ཀྱི་སྐུ་དང་། གསུང་དང་།