e-texts navigator
Collection
Volume
Page
Wylie

128a1 གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་དོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས་རྡོ་རྗེ་ཐམས་ཅད་མ་མེད་པ་ཉིད་དོ།།
128a2 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས་ཆོས་ཐམས་ཅད་དུ་མ་ཉིད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་པས། ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད
128a3 ཡིན་ནོ།། བར་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། བརྗོད་པ་དང་། བསྒོམ་པ་དང་། སངས་རྒྱས་དང
128a4 བྱང་ཆུབ་སེམས་དཔའི་མཐར་ཐུག་པའི་མཐར་ཕྱིན་ཏེ། སྒྲིབ་པ་ཐམས་ཅད་ཟད་ནས་དེ་བཞིན་གཤེགས་པ་འམ། རྡོ་རྗེ་འཛིན་པ་མྱུར་དུ་འགྱུར་རོ།། དེ་ནས་དེ་བཞིན་གཤེགས་པ་ཐམས
128a5 ཅད་འདུས་ཏེ། ཆོས་ཀྱི་རྣམ་གྲངས་འདི་དོན་ཡོད་པ་དང་། ཐོག་པ་མེད་པར་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱིན་ཏེ།། སེམས་ཅན་ཆེན་པོ་ལེགས་སོ་ལེགས།
128a6 བདེ་བ་ཆེན་པོ་ལེགས་སོ་ལེགས།། ཐེག་པ་ཆེན་པོ་ལེགས་སོ་ལེགས།། བློ་གྲོས་ཆེན་པོ་ལེགས་སོ་ལེགས།། ཆོ་ག་འདི་ནི་ལེགས་པར་སྨྲས། སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས།
128a7 འབྲས་བུ་ཡོད་པས་འདུལ་བའི་མཆོག། རྡོ་རྗེ་མདོ་སྡེ་བྱིན་གྱིས་བརླབས།། ཆོ་གའི་རྒྱལ་པོ་བླ་ན་མེད།། གང་རྣམས་འདི་དག་འཛིན་པ་ནི།། བ་དད་ལ་སོགས་པ་ཐམ།




iiif viewer powered by OpenSeadragon

127b - 128b

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po