e-texts navigator
Collection
Volume
Page
Wylie

127b1 ཁ་ཏི་ཀ་དང་བཅས་པས་འཇུག་པར་བྱའོ།། ཞུགས་ནས་སྙིང་པོ་བཟླས་པ་བྱའོ།། དེ་ནས་ཕྱག་རྒྱ་དང་གར་གྱི་མཆོད་པ་བསྟན་པར་བྱའོ།། དེ་ནས་ཡིད་ལ་འདོད་པའི་དངོས་གྲུབ
127b2 ཐམས་ཅད་སྟེར་བར་འགྱུར་རོ།། ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།། མཁའ་འགྲོ་ལ་སོགས་པའི་གདོན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། འདིའི་ནོར་རྣམས་ཀྱང
127b3 བསྐྱེད་པར་འགྱུར་རོ།། ཇི་ལྟར་མངོན་པར་འདོད་པ་ཐམས་ཅད་མཉེས་པར་བྱེད་པ་དང་། གཏེར་ཐམས་ཅད་དང་སྦྱིན་པ་དང་། དངོས་གྲུབ་ཐམས་ཅད་བསྒྲུབ་པར་ནུས་པར་འགྱུར
127b4 རོ།། སློབ་མ་བཞུག་པ་ཡང་དེ་བཞིན་ནོ།། དེ་རྣམས་ཀྱང་འདི་དག་ཐམས་ཅད་བསྒྲུབ་པར་འགྱུར་རོ།། ལས་ཀྱི་དཀྱིལ་འཁོར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ
127b5 ཚིག་གི་རྟོག་པའི་རྒྱལ་པོ་ལས། ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་རྟོག་པ་རྫོགས་སྷོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན
127b6 གཤེགས་པ་མཐའ་ཡས་མུ་མེད་པས་མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན་པས་ཡང་ཆོ་ག་འདི་མཐར་ཐུག་པར་བྱིན་གྱིས་བརླབས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་མཉམ
127b7 པ་ཉིད་ཀྱི་མཐར་ཐུག་པས་བྱིན་གྱིས་བརླབས་པ་རྡོ་རྗེ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་པས་དེ་བཞིན




iiif viewer powered by OpenSeadragon

127a - 128a

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po