| e-texts navigator |
| Wylie |
127a1 ཕྱག་རྒྱ་དང་གར་གྱི་རོལ་མོའི་མཆོད་པ་ཡང་བྱས་ལ། སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་དང་བཅས་པ་བྱུང་བ་དང་། འབྱུང་བར་འགྱུར
127a2 བའི་ཡེ་ཤེས་བརྗོད་པར་བྱའོ།། དེ་ནས་བཙམས་ཏེ་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། འབྱོར་པ་ཐམས་ཅད་འགྲུབ་པར་འགྱུར་རོ།།
127a3 དམ་ཚིག་གི་དཀྱིལ་འཁོར་རོ།། དེ་ནས་སྲིང་མོ་བཞིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། རང་གི་སྙིང་པོ་འདི་ཕུལ་ལོ།། ཧཱུཾ། དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ།
127a4 དཀྱིལ་འཁོར་ཀུན་ནས་ཟླུམ་པོར་ཐིག་བཏབ་ལ། ཐིག་བཞི་ལ་འཁོར་ལོའི་དཀྱིལ་འཁོར་བཞི་པ་བྱས་ལ། དཀྱིལ་འཁོར་དེ་རྣམས་སུ་སྒོ་བཞིར་ལྟ་བའི་ལྷ་མོའི་གཟུགས་བརྙན
127a5 བཞག་པར་བྱ་སྟེ། འདི་ལྟ་སྟེ། དགའ་མོ་ནི་ཤར་དུ་བལྟ། མདའ་དང་གཞུ་ཐོགས་པ་བརྩོན་པ། སྒེག་མ་མདོག་དམར་བའོ།། གསོད་མ་ལྷོ་ཕྱོགས་སུ་ལྟ་བ། ལག་ན
127a6 རལ་གྲི་ཐོག་པ་མདོག་ནག་པོའོ།། ཕག་མོ་ནུབ་དུ་བལྟ་བ་ལག་ན་གསེར་གྱི་གཏེར་ཐོགས་པ། གསེར་གྱི་མདོག་ཅན་ནོ།། གྲུབ་པ་མོ་དང་ཞི་བ་མོ་ཞེས་བྱ་བ་བྱང་དུ་བལྟ་བ།
127a7 ལག་ན་རལ་གྲི་དང་ཤ་ཀ་ར་ཐོགས་པ་མདོག་དཀར་མོའོ།། ཕྱི་རོལ་གྱི་སྒོ་བཞིར་མཚན་མ་བཞི་དགོད་པ་བཞག་པར་བྱའོ།། དེ་ནས་སློབ་དཔོན་དྲིལ་བུ་དཀྲོལ་ཞིང་ལག་པ་གཡོན་པ།