e-texts navigator
Collection
Volume
Page
Wylie

126b1 ཕྲེང་བཅས་ཐམས་ཅད་དུ།། བུམ་པ་གང་བར་རོ་མཆོག་བཅས།། འབྱུང་པོ་མ་ལུས་གཏོར་མར་བཅས།། ཀླུ་རྣམས་གླུ་རུ་ལེན་པ་དང་། རོལ་མོ་བརྡུང་བར་བྱེད་པ་དང་།
126b2 དེ་བཞིན་སློབ་དཔོན་གར་བྱེད་པས།། ཕག་རྒྱ་ཀུན་གྱིས་འཇུག་པར་བྱ།། ཞུགས་ནས་གསུམ་ལ་དད་པ་ཡིས།། ཡང་དང་ཡང་དུ་མདུད་བྱ་སྟེ།། མེ་ཏོག་ཀུན་གྱིས་མཆོད
126b3 བ་ཡིས།། བསྒྲུབ་དང་བཞི་པ་དག་ཀྱང་བརྗོད།། འཇིག་རྟེན་གསུམ་པོ་སྲིད་གསུམ་མཆོག། ངན་སོང་གསུམ་མཆོད་གསུམ་རྣམས་གསུམ།། ལེགས་ལྡན་སྦས་པས་གྲུབ
126b4 པ་ནི།། དངོས་གྲུབ་ཀུན་ལ་རྟག་ཏུའོ།། དེ་ནས་སྙིང་པོ་ལན་ཅིག་བརྗོད་ཅིང་ཕྱག་རྒྱ་ཐམས་ཅད་ཀྱིས་གཡས་པའི་འཛུབ་མོ་ལྕགས་ཀྱུར་བྱས་ལ་དགུག་པར་བྱའོ།། དེ་ནས་དྲིལ་བུ
126b5 དང་བཅས་པའི་ཕྲེང་བ་རྣམས་གཡོའོ།། ཐམས་ཅད་ཕབ་ནས་དེ་ནས་དེ་བཞིན་དུ་བཞུགས་པར་བྱའོ།། དེ་ནས་དམ་ཚིག་བརྗོད་པར་བྱ་སྟེ། གལ་ཏེ་དམ་ཚིག་འདས་གྱུར།
126b6 ན།། ཕ་བསོད་པའི་འགྲོ་བ་གང་།། འགྲོ་བ་དེར་ནི་འབྲོ་བར་འགྱུར།། རྟག་ཏུ་དམ་པ་བརྟེན་པར་བྱ།། དམ་པ་མིན་པ་ཡོངས་སུ་སྤང་།། གཞན་པ་དེ་ཉིད་བསྟན་མི་བྱ།།
126b7 རྟག་ཏུ་མིང་པོ་གསུམ་པོ་བསྒྲུབ།། འདི་ནི་དམ་ཚིག་གོ།། ། དེ་ནས་གླུ་དང་གར་དང་། རོལ་མོ་དང་། རྒོད་པ་དང་། དགའ་བ་དང་། ཟ་བ་དང་། མགུ་བ་དང་། མལ་རྗེ་བྱའོ།།




iiif viewer powered by OpenSeadragon

126a - 127a

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po