e-texts navigator
Collection
Volume
Page
Wylie

126a1 ཡེ་ཤེས་བླང་བར་བྱསྟེ། ཕྱག་དྷའི་ག་ད་ཡོད་ནས་གཏོར་ས་ན་ག་དཔཔའ་བ་དག་གྲ
126a2 སྤྱོད་ལ་སོགས་པས་ཚིམ་པར་བྱས་ནས། ཕྱིར་བྱང་བར་བྱའོ།། དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱའི་དཀྱིལ་འཁོར་རོ།། དེ་ནས་སྣང་རྩི་བྱེད་པ་ལ་སོགས་པ་མིང
126a3 གསུམ་གྱིས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་མགྲིན་གཅིག་ཏུ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ།། སྲ། དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཟུར་བཞི་པ
126a4 དང་། སྒོ་བཞི་པར་ཕྱིའི་དཀྱིལ་འཁོར་བྲི་བར་བྱ། དེ་ཡི་ནང་དུ་དཀྱིལ་འཁོར་ནི།། གཞུའི་དབྱིབས་ཅན་བྲི་བར་བྱ།། དེ་ཡི་དབུས་སུ་མིང་པོ་ནི།། མཆོག་གསུམ་དག་ནི་བཞག་བྱ་སྟེ།
126a5 སྦྲང་རྩི་བྱེད་དང་རྒྱལ་བྱེད་དང་།། དེ་བཞིན་དཔྱིད་ཅེས་བྱ་བའོ།། ཆོ་ག་ཡ་ལང་དགོས་པ་དང་།། དེ་བཞིན་ཐོད་པ་མཚན་མ་འཛིན།། ལྷའི་གོས་དང་ཕྲེང་བ་དང་།། ཅུང་ཟད་རྒོད་ཅིང་ཁྲོ
126a6 བ་དང་།། སེང་གེའི་ཁྲི་ལ་འདུག་པ་དང་།། འོད་ཀྱི་དཀྱིལ་འཁོར་མཛེས་པའོ།། དངོས་གྲུབ་ཀུན་གཏེར་དག་པ་སྟེ།། གསུམ་ནི་སྲིད་གསུམ་ངག་དང་མཚུངས།། སྒོ་དང་མཚམས།
126a7 ནི་ཐམས་ཅད་དུ། ཚོགས་ལ་སོགས་པ་ལེགས་པར་བཞག། གྲུབ་དང་འཕེལ་ཆེ་གནོད་སྦྱིན་དང་།། གཏུམ་དང་མཆོག་བསད་པའོ།། ཕྱི་རོལ་པ་དན་རྩེ་མོ་དང་།། དྲིལ་བུའི




iiif viewer powered by OpenSeadragon

125b - 126b

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po