| e-texts navigator |
| Wylie |
125b1 པའི་དམ་ཚིག་ནི་མ་གཏོགས་སོ།། དེ་ནས་སློབ་མ་ལག་ན་མེ་ཏོག་ཐོགས་པས། རས་ཀྱིས་མིག་བཀབ་ལ་ནག་པོ་ཆེན་པོའི་ཕྱག་རྒྱས་བཅུ་པ་སྟེ། རྣ་བར་དམ་ཚིག་ཆེན་པོ་བྷྱོ
125b2 ཞེས་བྱ་བ་དང་སྦྱར་བར་བྱའོ།། དེ་ནས་སྐྲག་ནས་མེ་ཏོག་དོར་རོ།། དེ་ནས་གང་དུ་ལྷུང་བ་དེ་ལྷག་པའི་ལྷར་བསྒྲུབ་པར་བྱའོ།། གལ་ཏེ་ལྷུང་བར་མ་གྱུར་ན་ཡང་འདོར་དུ་བཞག་གེ
125b3 དེས་ནི་འཇིགས་པར་བྱེད་པར་ནུས་ཤིང་རྣལ་འབྱོར་སོ་སོར་ཐོབ་པར་འགྱུརརོ།། དེ་ནས་གདོང་གཡོགས་དཀྲོལ་ལ་དཀྱིལ་འཁོར་བསྟན་པར་བྱའོ།། གདུག་པ་ལ་སོགས་པའི་ཕྱག་རྒྱས་མཆོད
125b4 ནས་སྙིང་པ་དང་།། རང་གི་མཚན་མ་སྦྱིན་པར་བྱའོ།། དེ་ནས་དམ་ཚིག་བསྟན་པར་བྱ་སྟེ།། སེམས་ཅན་ཐམས་ཅད་རྒྱས་བཏབ་ཅིང་།། དམ་ཚིག་སྡང་རྣམས་བཟའ་བར་བྱ།
125b5 སྔགས་རྣམས་སྙན་པར་མི་བྱས་ཏེ།། དམ་ཚིག་རྣལ་འབྱོར་འགྲུབ་གཏེར་བྱའོ།། དྲག་པོའི་དམ་ཚིག་མདུང་རྩེ་དང་།། མ་མོ་རྣམས་ཀྱིས་རྒྱས་འདེབས་པས།། གལ
125b6 ཏེ་འདས་ན་ཁྱོད་ཀྱི་སྙིང་།། རྟག་ཏུ་འཇིགས་པར་བྱེད་པར་འགྱུར།། དེ་ནས་བརྩམས་ཏེ་གང་ཆེན་པོ་ཟ་བ་ན།། དེ་རིང་པོ་མི་ཐོགས་པར་རྣལ་འབྱོར་འགྲུབ་པར
125b7 འགྱུར་རོ།། གང་ཟ་བར་མི་འགྱུར་བ་དེའི་རྣལ་འབྱོར་མེད་དོ།། གལ་ཏེ་དམ་ཚིག་ལས་འདས་པར་མ་གྱུར་ན་ཚོགས་ས་ཐམས་ཅད་ཀྱིས་ཀྱང་མི་སོད་བར་འགྱུར་རོ།། ཕྱག་རྒྱའི