e-texts navigator
Collection
Volume
Page
Wylie

125a1 བྱང་གི་སྒོ་ཅན་དཀྱིལ་འཁོར་ཐིག་བཏབ་ལ། དབུས་སུ་ནག་པོ་ཆེན་པོ་གར་བྱེད་བཞིན་པ་བཞག་པར་བྱའོ།།
125a2 དེའི་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་མ་མོ་བརྒྱད་བྲི་བར་བྱ་སྟེ། འདི་ལྟ་སྟེ། དྲག་མོ་དང་། ཚངས་པ་མོ་དང་། ཁྱབ་འཇུག་མོ་དང་། གཞོན་ནུ་མོ་དང་། ནག་མོ་དང་། ནག་མོ
125a3 ཆེན་མོ་དང་། བཟང་མོ་དང་། སྲིན་མོ་དང་། དཀྱིལ་འཁོར་གྱི་ཕྱིའི་མཚམས་རྣམས་སུ་ནི་དྲག་པོ་མཁའ་འགྲོ་མ་བཞི་བྲི་བར་བྱ་སྟེ།། ཞི་བ་མོ་དང་། བེ་རུན་ཏ་དང་། གཏུམ་མོ་དང་།
125a4 འཇིགས་བྱེད་མ་རྣམས་སོ།། དེ་རྣམས་ཀྱི་མཚན་མ་རྣམ་ནི་མདུང་རྩེ་གསུམ་པ་དང་། ཕྲེང་བ་དང་། འཁོར་ལོ་དང་། དྲིལ་བུ་དང་། ཐོད་པ་ཁྲག་དང་བཅས་པ་དང་། མཁར་སིལ་དང་།
125a5 མཆེ་བ་དང་། ཁ་ཏྲཾ་ཁ་དང་། སྒོ་བསྲུངས་རྣམས་ནི་ཐོད་པ་དང་། རུས་པའི་ལུ་རྒྱད་དང་། བྱ་རྒོད་དང་། བྱི་ལའོ།། དེ་ནས་ཕྱག་རྒྱའི་སློབ་དཔོན་ཆོས་སྤྱོད་པ་གཙང་བ། གོས་གཙང
125a6 བ་བགོས་པ། ཐམས་ཅད་གཙང་བ་བསྒོས་པ། ཐམས་ཅད་ཟ་བ་འམ། ཐམས་ཅད་སྤྱོད་པ་ལ་ཡང་སྨོན་པ་མེད་དེ། ཞི་བའི་ཕོ་ཉའི་ཕྱག་རྒྱས་ཞུགས་ལ་སྙིང་པོ་བཟླས་པར་བྱའོ།།
125a7 དེ་ནས་དཀྱིལ་འཁོར་དབུས་ན་བློ་ཆེན་པོ་ཐོས་པར་འགྱུར་རོ།། དེ་ནས་སློབ་དཔོན་མ་གཏོགས་པ་གཞན་ཐམས་ཅད་ཇི་ལྟར་འོས་པར་ཞུགས་པར་འགྱུར་ཞིང་ཐོབ་པར་འགྱུར་ཏེ། འདུག




iiif viewer powered by OpenSeadragon

124b - 125b

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po