| e-texts navigator |
| Wylie |
124b1 མ་མོའི་ཚོགས་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བྱི་བར་བྱའོ།། སྒོ་རྣམསུ་ནི་དབྱུག་པའི་དབང་ཕྱུག་དང་། མགོ་བོའི་དབང་ཕྱུག་དང་། དྲི་སྣ་དང་། དྲག་པོ་ཆེན་པོའོ།། ཕྱི
124b2 རོལ་དུ་ནི་འབྱུང་པོ་རྣམས་དང་ཡི་ངག་རྣམས་བྲི་བར་བྱའོ།། དེ་ནས་སློབ་དཔོན་ཐལ་བ་གཙང་མས་ལུས་ལ་བསྐུས་ཤིང་གོས་གཙང་མ་བགོས་ཏེ། མདུང་རྩེ་གསུམ་གྱི་མཚན་མས་འཇུག
124b3 པར་བྱའོ།། ཞུགས་ནས་ཀྱང་སྙིང་པོ་བཟླས་པར་བྱའོ།། དེ་ནས་སློབ་མ་དེ་བཞིན་དུ་བཅུག་པ་ལག་པས་མདུང་རྩེ་གསུམ་པ་བྱིན་ནས་ཆོས་བཤད་པར་བྱའོ།། སེམས་ཅན་རྣམས་ལ་ཕན་ཕྱིར
124b4 དང་།། བསྟན་པ་ཐམས་ཅད་བསྒྲུབ་ཕྱིར་དང་།། འདོད་ཀུན་བདག་པོ་ཉིད་ཀྱི་ཕྱིར།། དྲག་པོའི་ལས་ལ་གནས་པར་གྱིས།། དེ་ནས་ཕྱག་རྒྱ་ཡེ་ཤེས་བརླབས་ཏེ།། གཏོར་མ་སྦྱིན་པར་བྱའོ།། དེ་ནས།
124b5 བརྩམས་ཏེ་འཇིགས་པ་མེད་པར་དངོས་གྲུབ་ཐམས་ཅད། ཕུན་སུམ་ཚོགས་པ་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐམས་ཅད་རྗེས་སུ་མྱོང་ནས། དྲག་པོའི་འཇིག་རྟེན་དུ་མཆོད་པར་འགྱུར་རོ།།
124b6 དཀྱིལ་འཁོར་ཆེན་པོ་བཞི་པའི་མདུང་ཐུང་གིས་མཚན་མ་ཞེས་བྱའོ།། དེ་ནས་མ་མོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། དང་པོ་མགྲིན་ཅིག་ཏུ་ཐམས་ཅད་དགུག་པ་དང་།
124b7 བཞུབ་པ་དང་། བསད་པ་དང་། བསྒྲུབ་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ།། བྷྱོཿདེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཟུར་བཞི་པ