| e-texts navigator |
| Wylie |
124a1 ཅན་ཐམས་ཅད་བྱིན་གྱིས་བརློབ་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
124a2 ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ།། ཐམས་ཅད་རྡོ་རྗེའི་སྙིང་པོས་དབང་བསྐུར་བ་ཉིད་པས་སེམས་ཅན་ཐམས་ཅད
124a3 ནི་རྡོ་རྗེའི་སྙིང་པོ་ཅན་ནོ།། ངག་ཐམས་ཅད་རབ་ཏུ་འབྱུང་བས་སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ནོ།། སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས་སེམས་ཅན་ཐམས་ཅད་ནི་ལས
124a4 ཀྱི་སྙིང་པོ་ཅན་ནོ།། དེ་ནས་ཕྱི་ཕ་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱིས་ཅ་ཅོའི་སྒྲ་ཕྱུང་ནས་ཆོས་ཉིད་ཀྱི་དོན་རྒྱ་ཆེར་སྟོན་ཅིང་སྙིང་པོ་ཕུལ་ཏེ། དེ་ནས་རྡོ་རྗེ་དབང་ཕྱུག་ཆེན་པོས་རང་གི་དེ་ཁོ་ནའི་སྙིང་པོ་འདི
124a5 ཕུལ་ལོ།། ཧྲཱི་དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། ཀུན་ནས་ཟླུམ་པོའི་ཐིག་གསུམ་པ་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་པ་འཚམས་རྣམས་སུ་མདུང་རྩེ་གསུམ་པ་བྲི་བར་བྱའོ།།
124a6 དེའི་དབུས་སུ་དབང་ཕྱུག་ཆེན་པོ་བྲི་བར་བྱའོ།། དེའི་ལོགས་ཐམས་ཅད་དུ་ཚོགས་བརྒྱད་བྲི་བར་བྱ་སྟེ། འདི་ལྟ་སྟེ། ནག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་། དྲི་རྟེན་དང་། གར་གྱི་དབང
124a7 ཕྱག་རྣམས་ནི་ཕྱོགས་རྣམས་འོ།། མཚམས་རྣམས་སུ་ནི་ཐོད་པ་བཟང་པོ་དང་། གཏུམ་པོའི་དབང་ཕྱུག་དང་། ལག་ན་ཁ་ཊཾ་ཁ་དང་། བ་ལང་རྣའི་དབང་ཕྱུག་གོ།། ཐིག་གི་མཚམས་རྣམས་ནི