| e-texts navigator |
| Wylie |
123b1 རྡོ་རྗེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ངེས་པར་བཏུད་དེ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདི་བཟུངས་སོ།། དཀྱིལ་འཁོར་ཆེན་པོ་བྲིས་ལ་དཀྱིལ་འཁོར་གྱི་གནས།
123b2 བརྒྱད་དུ་རྡོ་རྗེ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་དཀྱིལ་འཁོར་སོར་ས་བཞག་གོ།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དམ་ཚིག་ཐམས་ཅད་ཀྱི་བྱིན་གྱིས་བརློབ་པ་ཞེས
123b3 བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ།། དཀྱིལ་འཁོར་ཆེན་པོ་འདིའི་ཚུལ་དུ་ཕྱིའི་དཀྱིལ་འཁོར
123b4 བྲིས་ལ། དེའི་དབུས་སུ་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་བྲི་བར་བྱའོ།། ཐམས་ཅད་ཀྱང་དཀྱིལ་འཁོར་བརྒྱད་པའི་ཐིག་གདབ་ཅིང་སེམས་དཔའ་ཆེན་པོ་བཞག་པར་བྱའོ།།
123b5 ཕྱིའི་དཀྱིལ་འཁོར་དུ་རྡོ་རྗེ་རིགས་ཇི་ལྟར་རྗེས་སུ་འཐུན་པ་བྲི་བར་བྱའོ།། སྒོ་རྣམས་སུ་རིགས་རྣམ་པ་བཞི་མཚན་མ་རྣམས་བཞག་པར་བྱའོ།། དེ་ནས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ
123b6 དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཆོ་ག་རྒྱས་པར་བྱའོ།། དམ་ཚིག་ཆེན་པོའི་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ལས། བདེ་བ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ
123b7 ག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། དེས་བཅོམ་ལྡན་འདས་དེ་བཞི་གཤེགས་པ་ཐམས་ཅད་མ་པ་དང་ཡང་དཀྱིས་པངས