| e-texts navigator |
| Wylie |
123a1 ཀྱི་ལྟ་བས་བལྟ་བར་བྱའོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས།། རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག།
123a2 པའི་རྒྱལ་པོ་རྫོགས་སྷོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པས་ཡང་ཆོས་ཐམས་ཅད
123a3 ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ།། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ།། མཉམ་པ་ཉིད་དོ།། ཐམས་ཅད་དོན་ཉིད
123a4 པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཉིད་དོ།། ཐམས་ཅད་ཆོས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་དོ།། ཐམས་ཅད་ལས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ
123a5 རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་བརླབས
123a6 པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་ག་སྨྲས་སོ།། ཧཱུཾ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན
123a7 གཤེགས་པ་ཐམས་ཅད་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་ཐུགས་ལས་བྱུང་།། དམ་ཚིག་གི་དེ་ཁོ་ན་ཉིད་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་དེར་ཞུགས་པར་གྱུར་ཏོ།། དེ་ནས་ཕྱག་ན