e-texts navigator
Collection
Volume
Page
Wylie

122b1 གཤེགས་པ་ཐམས་ཅད་བསྲུང་བ། གནོད་སྦྱིན་གྱི་བདག་པོ་ཆེན་པོ་ཕྱག་རྡོ་རྗེ་གཏུམ་པོའི་བདག་གྲུབ་པ་ཡིན་ནོ་ཞེས་ཤེས་པར་བྱའོ།། དེ་ནས་ཕྱག་ཐམས་ཅད་བཅིང་བར་བྱ་ཞིང་བསྒྲུབ་པར
122b2 བྱའོ།། དེ་ནས་མཆོད་པ་དེ་བཞིན་དུ་ཡང་དག་པར་ཚིམ་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལན་ཅིག་བརྗོད་ལ་སླར་འབྱུང་བར་བྱའོ།། དེ་བཞིན་དུ་ཕྱག་རྒྱ་བཅིང་བ་ལ་སོག
122b3 པ་ཆོ་ག་རྒྱས་པ་ནི་དང་པོ་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་དུ་བྱའོ།། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་རོ།། བསྒྲུབ་པ་དང་། དངོས་གྲུབ་ཀྱང་དེ་བཞིན་ཏེ། མ་བསྒྲུབས་པར་ཡང་དང
122b4 པོ་ཇི་ལྟ་བ་བཞིན་ནོ།། གདག་པ་ཐམས་ཅད་འདུལ་བ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱས་སོ།། སེམས་ཅན་ཐམས་ཅད་འདུལ་བ་ནི་ཁྲོ་བས་ཧ་ཧ་ཞེས་རྒོད་ཅིང་བཞག་པསོ།། རང་སངས་རྒྱས
122b5 འདོད་ཆགས་དང་བྲལ་བ་ལ་ནི་ལྟུང་བར་བྱ་བ་ནི་ཆོས་གོས་དང་རྣམས་སྦྱར་གྱི་སྦྱིན་སྲེག་གིས་སོ།། དབང་བསྐུར་བ་ཐམས་ཅད་དབྲོག་པ་ལ་ནི་ཐམས་ཅད་ཕྱེ་མའི་སྤྲིན་བསྲེག་གིས་སོ།།
122b6 ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་སོ།། ཐམས་ཅད་བཅད་པ་ལ་ནི་གཟུགས་བསྟན་བྱས་ནས་བཏུབས་པས་སོ།། མ་རུངས་པ་ཐམས་ཅད་ཀྱི་དཀྱིལ་འཁྲོར་རྣམ
122b7 པར་བཞིག་པ་ལ་ནི་རྡོ་རྗེ་བཟུང་ནས་འཇུག་པར་བྱའོ།། མཆོད་པ་ཐམས་ཅད་རྣམ་པར་བཞིག་པ་ལ་ནི་ཁྲོས་ནས་བཟླས་བརྗོད་བྱའོ།། སྒྲ་ཐམས་ཅད་བསྒྲལ་བར་བྱ་བ་ལ་ནི་འཇིགས་བྱེད




iiif viewer powered by OpenSeadragon

122a - 123a

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po