| e-texts navigator |
| Wylie |
122a1 @བྱ་བའི་གནོད་སྤྲིན་གྱི་དཀྱིལ་འཁོར་འདི་གསུངསོ།། ཕྱིའི་དཀྱིལ་འཁོར་ཚུལ་དུ་ནི།། ཕྱིའི་དཀྱིལ་འཁོར་བྲི་བར་བྱ།། དེ་ནི་ས་ནང་རིམས་ཉིད་དུ
122a2 ནི་དཀྱིལ་འཁོར་བཟང་པོ་གྲུ་བཞི་པ།། སྒོ་བཞི་པ་ལ་ཐིག་བཞིར་ལྡན།། མཚོན་སྣ་ལྔས་ནི་རྣམ་པར་བྲིས།། ཀ་བ་བརྒྱད་ཀྱི་མདུན་གནས་པར། འབར་བའི་དཀྱིལ་འཁོར་ཡང་དག
122a3 ལྡན།། དེའི་དབུས་སུ་ཅི་རིགས་པར། རྡོ་རྗེ་གནོད་སྦྱིན་བཞག་བྱ་སྟེ།། རྡོ་རྗེ་མཆེ་བ་རྩིགས་པ་དང་། འབར་བའི་ཕྲེང་བ་འཁྲིགས་པའི་འོད།། འཇིགས་བྱེད་ཁ་དོག་སྔོ་བ་དང་།
122a4 ཧ་ཧ་ཞེས་གཞད་གསལ་བའི་ཞལ། དེ་ཡི་ཀུན་ཏུ་གནོད་སྦྱིན་ནི།། ཤིན་ཏུ་འཇིགས་པ་བཞག་པར་བྱ། དེ་ཉིད་དང་པོ་ལ་སོགས་མཆོག། ཕྱག་ན་རྡོ་རྗེ་སོགས་མཚན་འཆང་།། ཕྱི་ཡི
122a5 དཀྱིལ་འཁོར་མཚམས་རྣམས་སུ།། མཆེ་བའི་ཕྱག་རྒྱ་བྲི་བར་བྱ།། སྒོ་ཡི་གནས་ནི་ཐཐམས་ཅད་དུ།། རྡོ་རྗེ་མཚན་མ་བཞག་པར་བྱ།། དེ་ནས་འཇུག་པ་ལ་སོགས་པ་འབྱུང་སྟེ།
122a6 རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་།། ཧ་ཧ་ཞེས་བཞད་པ་དང་བཅས་པ་དང་། ཞུགས་ན་བདུག་པ་ཐམས་ཅད་འདུལ་ནས་ཤིང་མྱུར་དུ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ།། དེ་ནས་ཞུགས་ནས
122a7 རྡོ་རྗེ་མཆེ་བ་བླངས་ལ་རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་ཏེ། རྡོ་རྗེས་རྡོ་རྗེ་གནོད་སྦྱིན་གྱི་ཞལ་ནས་ཧ་ཧ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན