| e-texts navigator |
| Wylie |
121b1 དམ་ཚིག་ཅེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སྷོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུག་པ་ཐམས་ཅད་འདུལ་ནུས་པ་ཡེ་ཤེས
121b2 ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་སེམས་ཅན་ཐམས་ཅད་འདུལ་བའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ།། སེམས་ཅན་ཐམས་ཅད་མཉམ་པ་ཉིད
121b3 པ་ཁྲོ་བོ་མཉམ་པ་ཉིད་དོ།། སེམས་ཅན་ཐམས་ཅད་འདུལ་བ་ཉིད་པས་ཁྲོ་བོ་འདུལ་བ་ཉིད་དོ།། སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཁྲོ་བ་ཆོས་ཉིད་དོ།། སེམས་ཅན་ཐམས་ཅད
121b4 རྡོ་རྗེ་ཉིད་པས་ཁྲོ་བ་རྡོ་རྗེ་ཉིད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བའི་བྱང་ཆུབ་པོ།། དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ
121b5 འཇོམས་པ་དོན་དེ་ཉིད་རབ་ཏུ་སྟོན་ཏེ།། བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། རྡོ་རྗེ་གནོད་སྤྲིན་གྱི་གཟུགས་ཀྱིས་རྡོ་རྗེ་ཁྲོ་བོའི་གད་མོ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། དེ་ནས་འདི
121b6 གསུངས་པ་ཙམ་གྱིས་གདུག་པ་ཐམས་ཅད་འདུལ་བའི་སེམས་དཔའ་རྣམས་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ཐུགས་ལས་བྱུང་སྟེ། དང་པོའི་དཀྱིལ་འཁོར་གྱིས་ཚུལ་དུ་བཞུགས་སོ།། དེ་ནས
121b7 བྱང་ཆུབ་སེམས་དཔའ་རྡོ་རྗེ་གནོད་སྦྱིན་ཐམས་ཅད་ཀྱི་འདུལ་བ་ཁྲོ་བོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གདུག་པ་ཐམས་ཅད་འདུལ་ཞིང་བྱིན་གྱིས་བརློབ་པ་རྡོ་རྗེ་ཞེས