| e-texts navigator |
| Wylie |
121a1 @ཐམས་ཅད་ཀྱི་མཆོད་པ་ཐམས་ཅད་ཐོབ་པར་འགྱུར་རོ།། ཞུགས་ནས་སྣ་ཚོགས་རྡོ་རྗེ་བླངས་ནས། སྣ་ཚོགས་རྡོ་རྗེའི་མིང་གི་དབང་བསྐུར་ནས། མཆོད་པ་རྣམ་པ་པནི
121a2 བྱས་སྟེ། འདི་ལྟ་སྟེ། ལུས་ཀྱིས་ལས་ཐམས་ཅད་ཀྱི་ཕྱག་བྱ་བ་དང་། ངག་དང་། ཡིད་དང་། སེམས་ཀྱིས་ཆོས་ཀྱི་དབྱིངས་སུ་སྤྲོས་པས། མཆོད་པའི་ཆོ་ག་རྒྱས་པ་ཐམས་ཅད་ཀྱིས
121a3 མཆོད་པར་བྱ་ཞིང་། རྡོ་རྗེ་དང་ཕྱག་རྒྱས་མཆོད་པས་གཅིག་ཏུ་བྱས་པའོ།། སློབ་མ་རྣམས་བཞུག་པའི་ཆོ་གའང་དེ་བཞིན་ནོ།། ལས་ཀྱི་དཀྱིལ་འཁོར་རོ།། དེ་ནས་བསྒྲུབ་པ་དང་དངོས
121a4 གྲུབ་དག་ཀྱང་དེ་བཞིན་ནོ།། དེ་ནས་མ་བསྒྲུབས་པ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་ལ་ནི་རང་གི་སྙིང་ཁར་རྡོ་རྗེ་བསྒོམ་པས་སོ།། ཏིང་ངེ་འཛིན་གྱི་མཆོད་པ་ལ་ནི་ཐམས་ཅད་དག་པར་བསྒོ།
121a5 པས་སོ།། དབང་བསྐུར་བའི་མཆོད་པ་ལ་ནི་རྡོ་རྗེ་དབང་བསྐུར་བ་སྣ་ཚོགས་ཀྱིས་སོ།། ཕྱག་རྒྱའི་མཆོད་པ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་སྣ་ཚོགས་ཀྱིས་སོ།། སྟོང་པ་ཉིད་ཀྱི་མཆོད་པ་སྣ་ཚོགས་ནི
121a6 ཨ་ལ་སོགས་པའི་ཡི་གེའི་ལུང་བསྟན་པས་སོ།། དཀྱིལ་འཁོར་གྱི་མཆོད་པ་ལ་ནི་རྡོ་རྗེ་འཁོར་ལོ་སྣ་ཚོགས་ཀྱིས་སོ།། མཆོད་པ་ཐམསས་ཅད་ལ་ནི་སྣ་ཚོགས་རྡོ་རྗེས་སོ།། སྡུག་པ་འདུལ
121a7 བའི་མཆོད་པ་རྣམས་ལ་ནི་ཁྲོ་བོས་སོ།། མེ་ཏོག་སོགས་པ་དོར་བ་རྣམས་ལ་ནི་བཟླས་པས་སོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། སྣ་ཚོགས་རྗེ་རྗེ་དོན་ཡོད་པའི