e-texts navigator
Collection
Volume
Page
Wylie

120b1 ཅད་ལས་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ན་མཁའི་ཁམས་མ་ལུས་པ་སྤྲོས་པར་གྱུར་ནས། བཅོམ་ལྡན་འདས་ན་མཁའི་མཛོད་ཀྱི་བྱང་ཆུབ་སེམས་དཔའི་ཚུལ་གྱིས་དཀྱིལ་འཁོར་ཆེན་པོའི།
120b2 ཚུལ་དུ་ཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་ན་མཁའི་མཛོད་མཆོད་པ་ཐམས་ཀྱི་ཆོ་ག་རྒྱས་པ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་མཆོད
120b3 པའི་མཆོག་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ།། ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་ལ་དེ་བཞིན་དུ་ནང་དུ་རིན་པོ་ཆེའི་ཀ་བ་བརྒྱད་བྱས་པ། དབུས་སུ་བཅོམ་ལྡན་འདས
120b4 མཚོན་ཆ་སྣ་ཚོགས་འཛིན་པ། ཞལ་འཛུམ་པ། སྐུ་དང་ཡན་ལག་ཟླ་བའི་མདོག་ལ་སོགས་པའི་ཁ་དོག་ལྔའི་མདོག་ཅན་བཞག་པར་བྱའོ།། དེའི་ཐམས་ཅད་དུ་དམ་ཚིག་སེམས་དཔའ་རྣམ་བཞག་པར་བྱའོ།།
120b5 འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་པོ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དང་། དབང་བསྐུར་བ་དང་། ཕྱག་རྒྱ་ཡོངས་སུ་འཛིན་པ་དང་། སྟོང་པ་ཉིད་དུ་སྨྲ་བ་དང་།
120b6 དཀྱིལ་འཁོར་འདྲི་བ་དང་། མཆོད་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ནི་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པ་ཕྱག་རྒྱ་ཡོངས་སུ་འཛིན་པའི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་བཞིའོ།།
120b7 ཕྱིའི་མཚམས་རྣམས་སུ་མེ་ཏོག་ལ་སོགས་པ་རྣམས་དང་། སྒོ་རྣམས་སུ་ནི་དབྱིག་དང་། གསེར་དང་། མུ་ཏིག་དང་། རིན་པོ་ཆེ་སྟེ། མཚན་མ་བཞི་བཞག་པར་བྱའོ།། དེ་ནས་དེ་བཞིན་དུ་རྡོ་རྗེ




iiif viewer powered by OpenSeadragon

120a - 121a

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po