e-texts navigator
Collection
Volume
Page
Wylie

119b1 སྐྲ་དང་། སྲན་རས་གཟིགས་དབང་ཕྱུག་གི་སྐུ་དང་། ན་མཁའི་སྙིང་པོའི་སྐུ་རྣམས་སོ།། དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་དུ་སངས་རྒྱས
119b2 ཉིད་དང་། རྡོ་རྗེ་སེམས་དཔའ་ཉིད་འགྲུབ་པར་འགྱུར་རོ།། དེ་ནས་འཁོར་ལོ་བླངས་ལ་འཁོར་ལོའི་མིང་གིས་དབང་བསྐུར་བ་ནི་གསང་བའི་དཀྱིལ་འཁོར་བཞིའི་ཐིག་བཏབ་པའི།
119b3 རིགས་རྣམས་སུ་འཇུག་པར་བྱའོ།། སློབ་མ་བཞུགས་པ་ཡང་དེ་བཞིན་ནོ།། འཁོར་ལོའི་དཀྱིལ་འཁོར་རོ།། བསྒྲུབ་པ་ཡང་དེ་བཞིན་ནོ།། མ་བསྒྲུབས་པ་ཡང་དཀྱིལ་འཁོར
119b4 དུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོ་སྟེ། རང་གི་ཁར་བཅུག་ལ་བཞག་པར་བྱའོ།། དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོ་ཆེན་པོས་སོ།། དེ་བཞིན་དུ་ཕྱག་རྒྱའི་དཀྱིལ་འཁོར་དུ
119b5 འཇུག་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ཕྱག་རྒྱས་སོ།། དེ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་དམ་ཚིག་ཆེན་པོའི་འཁོར་ལོས་སོ།། ལས་ཀྱི་དཀྱིལ
119b6 འཁོར་དུ་ཞུགས་པ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱིས་འཁོར་ལོས་སོ།། དེ་བཞིན་དུ་རྗེས་སུ་ཆགས་པ་བྱ་བ་དང་། དབང་དུ་བྱ་བ་དང་། དོན་ཐོབ་པ་དང་། རྒྱས་གདབ་པ་དང་། བཅད་པ་དང་།
119b7 མཆོད་པ་དང་། གདུབ་པས་འདུལ་བའི་ལས་རྣམས་ནི་སེམས་དཔའ་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱ་གཡོན་ན་འཁོར་ལོ་དང་བཅས་པ་རྣམས་སོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པ་དམ་ཚིག་གོ།




iiif viewer powered by OpenSeadragon

119a - 120a

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po