e-texts navigator
Collection
Volume
Page
Wylie

118a1 དུ་ཆོས་ཀྱི་སློབ་དཔོན་དུ་བྱིན་གྱིས་བརླབས་སོ།། དེ་ནས་རལ་གྲི་བླངས་ཏེ།། རལ་གྲི་མིང་གི་དབང་བསྐུར་ལ།། ཆོས་འདི་སྐད་བཤད་པར་བྱ་སྟེ།
118a2 རལ་གྲི་འདི་ནི་རྟག་ཏུ་བཟུང་།། ཤེ་རབ་ཚུལ་འདི་སྐར་མ་བཞིང་།། ན་མཁའ་སངས་རྒྱས་སྦྱོར་བ་ཡིས།། འདེབས་ན་མྱུར་དུ་འགྲུབ་པར་འགྱུར།། སངས་རྒྱས་བསྟན་པ་བསྲུང་ཕྱིར་དང་།
118a3 འདི་བསང་སྡིག་པར་མི་འགྱུར་ཞིང་།། བསོད་ནམས་དག་ཀྱང་ཐོབ་པར་འགྱུར།། སློབ་མ་ལའང་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་དངོས་གྲུབ་རྣམ་ཀྱིས
118a4 མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ཆོས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ཡང་དེ་བཞིན་ནོ།། མ་བསྒྲུབས་པར་ཡང་དེ་བཞིན
118a5 དུ་ལས་རྣམས་གྲུབ་པར་འགྱུར་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་ལྔ་ནི་ཐམས་ཅད་ན་མཁའ་བསྒོབས་པས་སོ།། མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པ་ལ་ནི་མཚན་མ་དང་བྲལ་བའི
118a6 ཏིང་ངེ་འཛིན་བསྒོམས་པས་སོ།། སྨོན་པ་མེད་པའི་ཏིང་ངེ་འཛིན་ཐོབ་པ་ལ་ནི་སྨོན་པ་མེད་པ་བསྒོམས་པས་སོ།། རང་བཞིན་གྱི་འོད་གསལ་བའི་ཆོས་ཀྱི་ཡེ་ཤེས་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ
118a7 ཕྱིན་པ་བསྒོམས་པས་སོ།། ཉོན་མོངས་པ་ཐམས་ཅད་གཅོད་པ་ལ་ནི་ཆོས་བསྒོམས་པས་སོ།། ཡི་གེ་ཐམས་ཅད་ངེས་པའི་ཚིག་གི་ཡི་གེ་ཤེས་པ་ལ་ནི་སྤྲོས་པ་མེད་པའི་ཡེ་ཤེས་བསྒོམས་པས




iiif viewer powered by OpenSeadragon

117b - 118b

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po