| e-texts navigator |
| Wylie |
117b1 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མཆོག་འདི་གསུངས་སོ།། ཨ་དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་མཛད་ནས། དང་པོའི
117b2 དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་སྤྲོས་པ་མེད་པའི་རལ་གྲི་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས
117b3 པར་ཞུགས་ནས། འཁོར་ལོ་ལྟར་ཡི་གེས་བསྐོར་བ་ཞེས་བྱ་བའི་དཀྱིལ་འཁོར་གསུངས་སོ།། ཕྱིའི་དཀྱིལ་འཁོར་ཇི་ལྟ་བའི་ནང་དུ་འཁོར་ལོ་བྲིས་ལ། ཨ་ལ་སོགས་པའི་ཡི
117b4 གེའི་ཕྲེང་བ་གོ་རིབས་བཞིན་དུ་བྲི་བར་བྱའོ།། དེ་ནས་དཀྱིལ་འཁོར་བརྒྱད་པའི་ཚུལ་གྱི་ཐིག་བཏབ་ལ། དེའི་ལྟེ་བ་ལ་བཅོམ་ལྡན་འདས། འཇམ་ནཔལ་གཞོན་ནུ། གཞོན
117b5 ནའི་ཆ་ལུགས་འཆང་ཞིང་འཛུམ་པ་དང་བཅས་པར་ན་མཁའི་མདོག་ཅན་ཕྱག་བཞི་དང་རལ་གྲིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པར་བཞག་པར་བྱའོ།། དེའི་མདུན་ལ་སོག
117b6 པར་དེ་བཞིན་གཤེགས་པའི་སྐུ་རྣམས་བཞག་པར་བྱའོ།། ཕྱིའི་མཚམས་རྣམས་སུ་ཤེ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞི་ལུང་ཇི་ལྟ་བ་བཞིན་དུ་བཞག་པར་བྱའོ།། སྒོ་རྣམས་སུ་ནི་མཚན
117b7 མ་བཞི་བཞག་པར་བྱའོ།། འདི་ལྟ་སྟེ། རལ་གྲི་དང་། མདུང་དང་། ལྷུང་བཟེད་དང་། གླེགས་བམ་རྣམས་སོ།། དེ་ནས་རལ་གྲི་དང་ཐེབས་བམ་གྱི་ཕྱག་རྒྱས་དེ་བཞིན